དབུ་ཤོག>གསར་འགྱུར།
  • ​ ན་ནིང་བོད་ལྗོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་174.86ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-08

    གསར་འགོད་པས་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར། 2014ལོར་ལྗོངས་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་174.86ཟིན་པ་དེ་དུས་མཚུངས་ལས་17.6%འཕར་བ་དང་འབབ་འཕར་སྒོར་དུང་ཕྱུར་26.22བྱུང་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། འགག་སྒོས་ཚབ་བསྡུ་བྱས་པའི་ཁྲལ་འབབ་སྒོར་ཁྲི་7396ཕུད་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁྱོན་ཁྲལ་སྒོར་ཁྲི་174.13བསྡུས་པ་དེ་དུས་མཚུངས་ལས་17.8%འཕར་བ་དང་འབབ་འཕར་སྒོར་དུང་ཕྱུར་26.25བྱུང་ནས་ལོ་འཁོར་གྱི་འཆར་གཞིའི་111.4%ལེགས་གྲུབ་བྱུང་ཡོད། ལོ་ཧྲིལ་པོའི་ཁྲལ་འབབ་ཟླ་བཅུ་བསྟུད་མར་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་མ་ཟད། ཁྲལ་རིགས་བཅུ་གསུམ“བཅུ་འཕར་གསུམ་ཆག”བྱུང་བ་དང་སྤྱིར་གྲངས་གནས་གཉིས་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།