དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-06

    ཉེ་བའི་ལོའི་རིང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཐད་སྔར་ནས་ད་བར་མཐོང་ཆེན་དང་རྒྱབ་སྐྱོར་གནང་ནས།  ལོ་རེ་བཞིན་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།  རང་ལྗོངས་ཀྱིས་སྤྱི་ལོ་2004ལོར་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་དོ་སྙོམས་མིན་པའི་གོང་འཕེལ་འཐབ་ཇུས་དངོས་སུ་ལག་བསྟར་བྱས་ཏེ།  གཙོ་གནད་མངོན་གསལ་དོད་པོས་སྤྱི་ཡོངས་ལ་སྐུལ་སྤེལ་བཏང་ཡོད་པ་རེད།  

    སྤྱི་ལོ་2004ནས་2014ལོའི་བར་རང་ལྗོངས་ཀྱི་ཞིང་འབྲོག་ཚན་པས་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ནས་དང་སྔོ་ཚལ།  བོད་བྱ་སོགས་རིགས་12ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་450ལྷག་ཙམ་བཀོད་སྒྲིག་ལག་བསྟར་བྱས་པས།  ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་རྣམ་པ་ཞིག་རགས་ཙམ་ཆགས་ནས།  ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་བརྒྱ་ཆ་38.6ཟིན་ཡོད་པ་རེད།  

    སྤྱི་ལོ་2014ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་32.58ཟིན་པ་དང་།  ཞིང་འབྲོག་ལས་ཚན་པས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་101དང་།  ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཆེད་ལས་མཉམ་ལས་རྩ་འཛུགས་2729རོགས་སྐྱོར་དང་བསྐྱེད་བསྲིང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།