དབུ་ཤོག>གསར་འགྱུར།
  • ཉེ་བའི་ལོའི་རིང་བོད་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་གོང་འཕེལ་འགྲོ་བའི་རྣམ་པ་ཡག་པོ་བྱུང་ཡོད།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-06

    རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་རིང་རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་གོང་འཕེལ་འགྲོ་བའི་རྣམ་པ་ཡག་པོ་ཡོད་པ་དང་།  ད་བར་རང་ལྗོངས་སུ་མཐོ་གསར་ལག་རྩལ་ཁེ་ལས་27 ཡོད་པ་རེད། 

    ངོ་སྤྲོད་བྱས་པར་གཞིགས་ན།  ན་ནིང་སྤྱི་ཟླ་བརྒྱད་པར་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་མཐོ་གསར་ལག་རྩལ་ཁེ་ལས་ངོས་འཛིན་གཏན་འཁེལ་གྱིས་དོ་དམ་བྱ་ཐབས་ཀྱི་འབྲེལ་ཡོད་བླང་བྱར་གཞིགས་ཏེ།  སྤྱི་ལོ་2011ལོར་ངོས་འཛིན་གཏན་འཁེལ་བྱས་པའི་རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་13ལ་བསྐྱར་ཞིབ་ཀྱི་ངོས་འཛིན་གཏན་འཁེལ་གྱི་ལས་དོན་སྤེལ་ཏེ།  ཁེ་ལས་རང་ངོས་ཀྱི་དཔྱད་ཞིབ་དང་རིགས་གཅིག་མཁས་པའི་དཔྱད་ཞིབ། དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གི་ངོས་འཛིན་གཏན་འཁེལ་བཅས་བྱས་པ་བརྒྱུད།  ཁེ་ལས་དགུ་བསྐྱར་ཞིབ་ཀྱི་ངོས་འཛིན་གཏན་འཁེལ་བྱུང་བ་དང་དུས་མཚུངས།  རང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ངོས་འཛིན་གཏན་འཁེལ་གྱི་རེ་ཞུ་འབུལ་མཁན་ཁེ་ལས་དགུར་ས་གནས་ས་ཐོག་གི་བརྟག་ཞིབ་དང་རེ་ཞུའི་དཔྱད་གཞིར་དཔྱད་ཞིབ་བྱས་པ་བརྒྱུད།  ཁེ་ལས་བཞི་ཐོག་མའི་དཔྱད་ཞིབ་ཀྱི་ཚད་གཞི་ལོན་ནས་རིགས་གཅིག་མཁས་ཅན་གྱི་དཔྱད་ཞིབ་དང་དཔྱད་ཞིབ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་བྱས་ཏེ།  རང་སྐྱོང་ལྗོངས་ཀྱི་ངོས་འཛིན་གཏན་འཁེལ་བྱས་པའི་ཁེ་ལས་གསར་པར་གྱུར་བ་དང་།  ད་ཆ་རྒྱལ་ཁབ་ཚན་རྩལ་པུར་དཔྱད་ཞིབ་ཆོག་མཆན་གནང་རྒྱུར་ཕུལ་ཡོད་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ་2011ལོ་ནས་བཟུང་རང་ལྗོངས་ཀྱིས་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་27ལ་ངོས་འཛིན་གཏན་འཁེལ་བྱས་པའི་ནང་།  ཁེ་ལས་ལྔ་ན་ནིང་ལོ་འགོར་རྒྱལ་ཁབ་ཚན་རྩལ་པུས་དཔྱད་ཞིབ་བྱས་ནས་ངོས་འཛིན་གཏན་འཁེལ་བྱས་པའི་ཁེ་ལས་གསར་པར་འགྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།