དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱི་དཔལ་འབྱོར་དམིགས་ཚད་གི་འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-04

    རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་།  སྤྱི་ལོ་2015ལོར།  རང་ལྗོངས་ཀྱི་དཔལ་འབྱོར་འཕར་སྣོན་མྱུར་ཚད་ཀྱི་དམིགས་ཚད་སྔར་རྒྱུན་བཞིན་བརྒྱ་ཆ་12ཀྱི་ཐོག་ནས་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ་བཏོན་ཡོད་པ་རེད།  སྤྱི་ལོ་2015ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་།  སྔོན་དཔགས་ལྟར་སྤྱི་ལོ་2014 ལོའི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་925ཟིན་ནས་འཕར་ཚད་བརྒྱ་ཆ་12ཟིན་པ་དང་།  སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་པོའི་སིལ་ཚོང་སྤྱི་འབོར་བརྒྱ་ཆ་12འཕར་བ།  སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་བརྒྱ་ཆ་30འཕར་བ།  གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ལག་ཡོད་ཡོང་འབབ་བརྒྱ་ཆ་14འཕར་བ་བཅས་བྱུང་ནས་དཔལ་འབྱོར་དམིགས་ཚད་དེ་དག་གི་འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།