དབུ་ཤོག>གསར་འགྱུར།
  • སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-04

    སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་གྲལ་སྒྲིག་པའི་དྲོད་ཁང་ཆེན་པོ་སྟར་པ་1260ཡོད་ཅིང་། སྒང་བདེ་གླིང་སྔོ་ཚོལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་གཞོན་པ་བློ་བཟང་ཚེ་རིང་གིས་དྲོད་ཁང་ཆེན་པོའི་ནང་ཤིང་ཏོག་དང་། སྔོ་ཚལ། མེ་ཏོག་བཅས་ཀྱི་མང་ཚོགས་ལ་སྐོར་ཞིབ་བྱེད་པ་དང་དུས་མཚུངས་ད་དུང་མང་ཚོགས་་དང་མཉམ་དུ་འདེབས་འཛུགས་ལག་རྩལ་སྤེལ་རེས་བྱེད་བཞིན་ཡོད།

    བློ་བཟང་ཚེ་རིང་གིས་ངོ་སྤྲོད་བྱས་པར། མཉམ་ལས་ཁང་གིས“ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད་བཅས་མཉམ་གཉེར་བྱ་རྒྱུའི”གཉེར་སྐྱོང་བྱ་ཐབས་སྤྱད་ནས་སྔོ་ཚལ་ཐོན་ལས་གཙོ་ཁྲིད་དུ་བྱས་ཏེ་འབྲེལ་ཡོད་ཐོན་ལས་གཞན་དག་མཉམ་གཉེར་གྱི་གཉེར་སྐྱོང་ལམ་སྲོལ་སྤྱད་དེ་མེ་ཏོག་དང་སྔོ་ཚལ་མངགས་ཉོ་དང་ཁྲོམ་རའི་དགོས་མཁོ་ལྟར་བགོ་བཤའ་བརྒྱབ་ནས་འདེབས་འཛུགས་བྱེད་དུ་འཇུག་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    “ཞིང་དུད་ཀྱིས་ས་ཆ་མཉམ་ལས་ཁང་ལ་བོགས་མར་བཏང་རྗེས་མཉམ་ལས་ཁང་དུ་ཞིང་པས་བཟོ་པ་བྱེད་ཀྱི་ཡོད་པ་རེད”ཡོང་འབབ་ཀྱི་སྐོར་གླེང་སྐབས་བློ་བཟང་ཚེ་རིང་གི་ངོ་གདོང་ནས་སྤྲོ་བའི་འཛུམ་མདངས་འཕྱུར་བཞིན“ཞིང་དུད་ཀྱི་ཡོང་འབབ་ནི་ས་ཆ་བོགས་མར་བཏང་བའི་བོགས་དངུལ་དང་། ངལ་རྩོལ་ཐོབ་ཆ། ལོ་མཇུག་ཏུ་བགོ་བའི་ཁེ་སྤོགས་བཅས་གསུམ་ཡིན་པ་རེད། ན་ནིང་ཞིང་དུད་ཀྱི་སྔོ་ཚལ་སྤྱིའི་ཡོང་འབབ་སྒོར་ཁྲི་2420ཡིན་པ་དང་ཞིང་དུད་ཀྱི་ཁེ་སྤོགས་ཁེ་གཙང་སྒོར་ཁྲི་1080ཡིན་ཞིང་། མི་རེར་ཡོང་འབབ་སྒོར་ཁྲི་3ཟིན་གྱི་ཡོད”ཅེས་བཤད་པ་རེད།

    མཉམ་ལས་ཁང་གིས་ཞིང་དུད་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་ཕུད། ཞིང་པའི་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱ་རྒྱུ་དེ་ཡང་ནང་དོན་གལ་ཆེན་དུ་བརྩི་ཡི་ཡོད་པ་རེད། བསྡོམས་རྩིས་ལ་གཞིགས་ན། མཉམ་ལས་ཁང་གིས་རིམ་རྩིས་བྱས་ན་ཞིང་པ་3000གསོ་སྦྱོང་བྱས་པ་དང་ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་3དང་ཚན་རྩལ་མངགས་གཏོང་པ་17ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།