དབུ་ཤོག>གསར་འགྱུར།
  • ན་ནིང་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་དང་པོ་འཕེལ་རྒྱས་ཡག་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-04

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2014ལོ་ནས་བཟུང་བོད་ཀྱི་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་བ་བྱ་རྒྱུ་དེ་ལས་འགན་གལ་ཆེན་དང་། དེང་རབས་ཀྱི་ཞིང་འབྲོག་ལས་འཛུགས་སྐྲུན་བྱ་རྒྱུ་དེ་བརྗོད་བྱ་གཙོ་བོ། རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་གཞི་འཛིན་ས་བཅས་ལ་བྱས་ནས་ཐོན་ལས་དང་པོ་འཕེལ་རྒྱས་ཧུར་ཐག་བཏང་བས་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡག་ཏུ་ཕྱིན་ཡོད་པ་རེད།

    འདེབས་འཛུགས་ལས་རིགས་ལ་སླར་ཡང་ལོ་ལེགས་བྱུང་བ། ན་ནིང་གྲོང་ཁྱེར་ཡོངས་ཀྱིས་ཞིང་ནང་སྐྱེ་དངོས་གཞི་ཁྱོན་མུའུ་ཁྲི་129.48འདེབས་འཛུགས་བྱས་པའི་ནང་འབྲུ་རིགས་སྐྱེ་དངོས་མུའུ་ཁྲི་81.94དང་། དཔལ་འབྱོར་སྐྱེ་དངོས་མུའུ་ཁྲི་34.08 གཟན་རྩྭའི་སྐྱེ་དངོས་མུའུ་ཁྲི་13.46བཅས་ཟིན་པ་དང་། འབྲུ་རིགས་དང་། དཔལ་འབྱོར་སྐྱེ་དངོས། གཟན་རྩྭ་བཅས་ཀྱི་བསྡུར་ཚད་ནི་63∶26∶11བཅས་ལ་བརྟན་པོའི་ངང་གནས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་ལོ་ཧྲིལ་པོའི་འབྲུ་རིགས་དང་པད་ཁའི་སྤྱིའི་ཐོན་ཚད་ཏུན་ཁྲི་40.58ཟིན་པ་དེའི་ནང་འབྲུ་རིགས་ཐོན་ཚད་ཏུན་ཁྲི་37.49དང་། པད་ཁའི་ཐོན་ཚད་ཏུན་ཁྲི་3.09 སྔོ་ཚལ་ཐོན་ཚད་ཏུན་ཁྲི་31.52 གཟན་རྩྭའི་ཐོན་ཚད་ཏུན་ཁྲི་21.23བཅས་ཟིན་ཡོད་པ་རེད།

    འབྲོག་ལས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཞིང་། ཕྱུགས་ཕྲུག་མགོ་གྲངས་ཁྲི་174གསོན་ནས་གསོན་ཚད་91%ཟིན་པ་དང་། ཕྱུགས་རིགས་ཤི་ཚད་1.6%ནང་ཚུན་དུ་ཚོད་འཛིན་བྱས་པ། ཕྱུགས་རིགས་མགོ་གྲངས་ཁྲི་180བཤས་བཏང་བ། ཤའི་ཐོན་ཚད་ཏུན་ཁྲི་4.4དང་འོ་མའི་ཐོན་ཚད་ཏུན་ཁྲི་7.8ཟིན་པ་བཅས་རེད། ལོ་འཁོར་གྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་གྱི་ལས་དོན་དེ་རང་སྐྱོང་ལྗོངས་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་ནས་རྩྭ་རའི་བྱ་དགའ་དང་། ཕྱུགས་བཀག དེ་བཞིན་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའི་དངུལ་སྒོར་ཁྲི་33216.19སྤྲད་པ་དང་། དབྱར་རྩྭ་དགུན་འབུ་འཐུ་ཚད་སྤྱི་རྒྱ་336.14ཟིན་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་3203.4འཕར་བ། ལུག་གི་རྩིས་གཞི་ཁྲི་47དུས་ཐུང་སྡོམ་གསོས་ཕྱིར་ཚོང་དང་ལུག་གསོན་པོ་ཁྲི་13.5ཕྱིར་གཏོང་བྱས་པར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་31036.7ཟིན་པ་བཅས་རེད།

    ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། གྲོང་ཁྱེར་ཡོངས་ཀྱི་ཞིང་ལས་ཐོན་ལས་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་15ཡི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.9མངོན་འགྱུར་བྱུང་བ་དེ་དུས་མཚུངས་དང་བསྡུར་ན་10.8%འཕར་བ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.97ཟིན་ནས་11.6%འཕར་བ། ཆེད་ལས་མཉམ་ལས་རྩ་འཛུགས་སྣ་ཚོགས་463བར་འཕེལ་རྒྱས་ཕྱིན་ནས་མ་རྩའི་སྤྱི་འབོར་སྒོར་དུང་ཕྱུར་3.41ཟིན་པ་དང་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་1.78ལོན་པ་དེའི་ནང་ཞུགས་མཁན་དུད་ཚང་19023གྱི་མི་གྲངས་31704ཟིན་པ་དང་དུད་ཚང་17915ལ་སྣེ་ཁྲིད་བྱས་པ་བཅས་རེད། དུས་མཚུངས་གྲོང་ཁྱེར་ཡོངས་ཀྱི་གསར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ནང་ནས་ཐོན་སྐྱེད་རྟེན་གཞི་དང་། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས། ཕྱུགས་བསྐྱུར་རྩྭ་གསོ། གྲོང་གསེབ་ཏུ་རྫབ་རླངས་སྤྱོད་པ་སོགས་རིགས་13གྱི་རྣམ་གྲངས་101ཚུད་ཡོད་པ་རེད། རྣམ་གྲངས་དེ་དག་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.75བཏང་བའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་ཁྱོན་སྒོར་དུང་ཕྱུར་3.89བཏང་བ་དང་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་3.43གནས་འབྱོར་ཐུབ་ནས་གནས་འབྱོར་ཐུབ་ཚད་88%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།