དབུ་ཤོག>གསར་འགྱུར།
  • ཕན་ཅི་ཝུན་གྱིས་རི་པིན་གྱི་མི་གཏའ་བསད་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-03

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཐལ་སྐྱོད་རྩ་འཛུགས“དབྱི་སི་ལམ་རྒྱལ་ཁབ”ཅེས་པས་རི་པིན་གྱི་མི་གཏའ་ཧའུ་ཐེང་ཅན་ཨར་བསད་པ་འདྲ་བའི་བརྙན་པར་ཞིག་ཡོངས་བསྒྲགས་བྱས་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་གྱིས་ས་གནས་དེའི་དུས་ཚོད་ཟླ་1ཚེས་31ཉིན་རི་པིན་གྱི་མི་གཏའ་བསད་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་འབྲེལ“དབྱི་སི་ལམ་རྒྱལ་ཁབ”སོགས་རྩ་འཛུགས་ཀྱིས་ཆ་རྐྱེན་གང་ཡང་མེད་པར་མི་གཏའ་ཚང་མ་གློད་དགོས་པའི་འབོད་སྐུལ་གནང་བ་རེད།

    དྲུང་ཆེའི་མགྲིན་ཚབ་པའི་གཞུང་དོན་ཁང་གིས་ཉིན་དེའི་དགོང་མོ་སྤྱི་བསྒྲགས་སྤེལ་ནས་ཕན་ཅི་ཝུན་གྱིས་ཚིག་ནན་པོའི་ཐོག་ནས་ཧའུ་ཐེང་ཅན་ཨར་ཡ་ང་སྙིང་རྗེ་མེད་པར་དམར་གསོད་བཏང་བའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་འབྲེལ་ཧའུ་ཐེང་ཅན་ཨར་གྱི་ནང་མི་དང་རི་པིན་གྱི་མི་དམངས་དང་སྲིད་གཞུང་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུས་ཡོད་ཅེས་འཁོད་ཡོད་པ་རེད།

    ཕན་ཅི་ཝུན་གྱིས་སྤྱི་བསྒྲགས་ནང་ཧའུ་ཐེང་ཅན་ཨར་བསད་པ་དེ་ཐོག་ནས་དབྱི་རག་དང་སི་རི་ཡར་མི་མང་པོ་ཞིག་གཏུམ་སྤྱོད་ཀྱི་མནར་གཅོད་མྱོང་བཞིན་ཡོད་པ་མངོན་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས“དབྱི་སི་ལམ་རྒྱལ་ཁབ”དང་རྩ་འཛུགས་གཞན་དག་གིས་ཆ་རྐྱེན་གང་ཡང་མེད་པར་མི་གཏའ་ཚང་མ་གློད་དགོས་པའི་འབོད་སྐུལ་སླར་ཡང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།