དབུ་ཤོག>གསར་འགྱུར།
  • འཛད་སྤྱོད་བྱེད་མཁན་ཉུང་དུ་ཕྱིན་པས་བོད་ཀྱི་དབྱར་རྩྭ་དགུན་འབུའི་རིན་གོང་ཆག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-02-03

    དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་གསར་འགོད་པར་བོད་ནས་ཤེས་རྟོགས་བྱུང་གསལ། དབྱར་རྩྭ་དགུན་འབུ་ཉོ་མཁན་ཉུང་དུ་ཕྱིན་པས་རིན་གོང་མུ་མཐུད་ཆག་པ་དང་དབྱར་རྩྭ་དགུན་འབུ་ཆུང་གྲས་ཁག་ཅིག་གི་རིན་གོང་ཧ་ལམ་བཅུ་ཆ་གཉིས་ལྷག་ཙམ་ཆག་ཡོད་པ་རེད།

    དུས་ཡུན་རིང་པོ་དབྱར་རྩྭ་དགུན་འབུའི་ཚོང་རྒྱག་བཞིན་པའི་ཙང་ཧྲན་ཐང་གི་སྤྱི་ཁྱབ་ཅིང་ལི་ཏོའུ་ལེན་ཆིང་གིས་མིག་སྔར་དབྱར་རྩྭ་དགུན་འབུའི་རིན་གོང་རྒྱ་ཁྱབ་ངང་ཆག་ཡོད་པའི་ནང་ཆུང་གྲས་ཀྱི་རིན་གོང་ཆག་ཚད་25%ཙམ་ཟིན་ཡོད། སྤྱི་རྒྱ་རེར་རྐང་4000ཡོད་པ་ཅན་ལ་དཔེ་བཞག་ན་སྔོན་ཆད་ཅུང་ཡག་རིགས་ལ་སྤྱི་རྒྱ་རེར་སྒོར་ཁྲི་13སྤྲོད་ཀྱི་ཡོད། ཡིན་ན་ཡང་ད་ཆ་སྒོར་ཁྲི་10ཡས་མས་ལས་སྤྲོད་ཀྱི་མེད་པས་ཆག་ཚད་ཧ་ལམ་བཅུ་ཆ་གཉིས་ཟིན་འདུག་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།