དབུ་ཤོག>གསར་འགྱུར།
  • 2011ལོ་ནས་2014ལོ་བར་ལྷ་སའི་དཔལ་འབྱོར་གླིང་གིས་དཔྱ་ཁྲལ་འབུལ་ཚད་ལྗོངས་ཡོངས་ཀྱི་ཁྲལ་འབབ་སྤྱི་འབོར་གྱི་བརྒྱ་ཆ57ཟིན་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2015-02-02

    རང་སྐྱོང་ལྗོངས་རྒྱལ་ཁབ་ཁྲལ་དོན་ཅུས་ཀྱིས་བསྡོམས་རྩིས་བརྒྱབ་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ལོ་ལྔ་ཚན་བཅུ་གཉིས་པའི་གོང་གི་ལོ་བཞིའི་ནང་ལྷ་སའི་དཔལ་འབྱོར་གླིང་གིས་དཔྱ་ཁྲལ་འབུལ་ཚད་སྒོར་དུང་ཕྱུར་326ཟིན་པ་དེ་ལྗོངས་ཡོངས་ཀྱི་ཁྲལ་འབབ་སྤྱི་འབོར་གྱི་བརྒྱ་ཆ་57ཟིན་ནས།  འཕར་སྣོན་མྱུར་ཚད་བསྟུད་མར་གྲངས་གནས་གཉིས་ཀྱི་འཕར་སྣོན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།  ཁྲལ་འབབ་གཞི་ཁྱོན་དེ་ལོ་བཞིའི་ནང་འཕར་སྣོན་ལྡབ་ལོག་བྱུང་སྟེ་སྤྱི་ལོ་2011ལོའི་སྒོར་དུང་ཕྱུར་49ནས་སྤྱི་ལོ་2014ལོའི་སྒོར་དུང་ཕྱུར་116བར་ལོ་རེ་བཞིན་མཐོ་རུ་ཕྱིན་ཡོད་པ་རེད།

    བསྡོམས་རྩིས་ཚན་པས་དབྱེ་ཞིབ་བྱས་པར་གཞིགས་ན།  གཅིག་ནས་ལྷ་སའི་དཔལ་འབྱོར་གླིང་གི་ཁྲལ་འབབ་གཙོ་བོ་རྒྱལ་ནང་གི་འཕར་ཐང་དཔྱ་ཁྲལ་དང་།  ལས་གཉེར་དཔྱ་ཁྲལ།  ཁེ་ལས་ཀྱི་ཐོབ་ཁྲལ།  སྒེར་གྱི་ཐོབ་ཁྲལ་བཅས་ཁྲལ་རིགས་བཞིར་གཙོ་བོ་གཅིག་བསྡུས་བྱས་ཡོད་པ་དང་།  སྤྱི་ལོ་2014ལོར་ཁྲལ་རིགས་བཞི་པོ་དེས་སྤྱིའི་ཁྲལ་འབབ་ཀྱི་བརྒྱ་ཆ་89ཟིན་པ་དང་།  གཉིས་ནས་ཐོན་ལས་གསུམ་པ་གོང་འཕེལ་མགྱོགས་པོ་བྱུང་ནས་ལྷ་སའི་དཔལ་འབྱོར་གླིང་གི་ཁྲལ་འབབ་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་བ་དང་།  ཐོན་ལས་གསུམ་པའི་ཁྲལ་འབབ་སྒོར་དུང་ཕྱུར་99ཟིན་པ་དེ་སྤྱིའི་ཁྲལ་འབབ་ཀྱི་བརྒྱ་ཆ་85ཟིན་པ།  གསུམ་ནས་སྤྱི་ལོ་2014ལོར་ལྷ་སའི་དཔལ་འབྱོར་གླིང་གི་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་ཁྲལ་འབབ་སྒོར་དུང་ཕྱུར་110ཟིན་པ་དེ།  ལྗོངས་ཡོངས་ཀྱི་ཁྲལ་རིགས་དེའི་གྲས་ཀྱི་བརྒྱ་ཆ་70ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།