དབུ་ཤོག>གསར་འགྱུར།
  • ཨོ་སི་ཁྲུ་ལི་ཡའི་རིགས་གཅིག་མཁས་ཅན་གྱིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཚོར་སྔོན་ལ་ཆེད་ལས་བདམས་རྗེས་གཞི་ནས་སློབ་གྲྭ་འདེམས་དགོས་ཞེས་བཤད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-02-02

    ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཨོ་སི་ཁྲུ་ལི་ཡའི་ཤིན་ནན་ཝེའར་ཧྲི་སློབ་ཆེན་གྱི་ཀྲུང་གོའི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་པུའི་ཀྲུའུ་རེན་ཅན་ཅང་གིས་ཀྲུང་གོའི་སློབ་མས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་སྐབས་བྱ་ཐབས་ལེགས་ཤོས་ནི་སྔོན་ལ་ཆེད་ལས་བདམས་པ་དང་དེ་རྗེས་སློབ་གྲྭ་འདེམས་དགོས་པ་དེ་རེད་ཅེས་བཤད་པ་རེད།

    སློབ་ཆེན་ཡག་ཉེས་ཀྱི་ཚད་གཞི་ནི་སྤྱིར་བཏང་མཚན་སྙན་ཆེ་བའི་འཛམ་གླིང་སློབ་ཆེན་གྲགས་ཅན་གྱི་བང་རིམ་ལ་ལྟ་དགོས། བང་རིམ་ལ་ལྟ་བ་དང་སློབ་གྲྭ་གྲགས་ཅན་འདེམས་རྒྱུ་དེ་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་མང་པོས་སློབ་གྲྭ་འདེམས་སྐབས་ཀྱི་བྱ་ཐབས་གལ་ཆེན་གྱི་གྲས་སུ་གྱུར་ཡོད་པ་རེད།

    ཅིན་ཅང་གིས་གདམ་ག་བྱེད་ཐབས་དེ་རིགས་ལ་ཞན་ཆ་ཞིག་ཡོད་པ་དེ་ནི་སློབ་གྲྭ་གྲགས་ཅན་ཞིག་ཏུ་ཚུད་ཀྱང་དེའི་དམིགས་གཏན་འཁེལ་བའི་ཆེད་ལས་སློབ་གསོ་བློ་ལ་རྦད་དེ་འབབ་པ་ཞིག་ཡོང་གི་མེད་ཅེས་བཤད་པ་རེད།

    “མཐོ་སློབ་ཁག་གཅིག་གི་ཕྱོགས་བསྡུས་བང་རིམ་དེ་མཐོ་པོ་མེད་ཀྱང་དེའི་ཆེད་ལས་ག་གེ་མོ་ནི་འཛམ་གླིང་དུ་ཨང་དང་པོའི་གྲས་སུ་སླེབས་པའང་ཡོད། གལ་སྲིད་སློབ་གྲྭའི་ཕྱོགས་བསྡུས་བང་རིམ་ཁོ་ནར་དོ་སྣང་བྱས་ན་རང་ཉིད་ལ་ཧ་ཅང་འཚམ་པའི་སློབ་ཆེན་ཁག་གཅིག་ལ་བསྐྱོད་རྒྱུའི་གོ་སྐབས་ཤོར་སྲིད”ཅེས་ཅིན་ཅང་གིས་བཤད་པ་དང་ཁོང་གིས“སློབ་གྲྭ་འདེམས་སྐབས་སྔོན་ལ་ཆེད་ལས་བདམས་པ་དང་དེ་རྗེས་སློབ་གྲྭ་འདེམས་དགོས”ཞེས་བཤད་པ་རེད།

    ཅིན་ཅང་གིས་སློབ་མས་སློབ་གྲྭ་འདེམས་སྐབས་དང་ཐོག་རང་ཉིད་སློབ་གྲྭ་ནས་ཐོན་རྗེས་ཀྱི་ལས་ཞུགས་འཆར་གཞི་ཡག་པོ་བཀོད་རྗེས་ལས་ཞུགས་འཆར་གཞིར་གཞིགས་ནས་ཆེད་ལས་འདེམས་པ་དང་སླར་ཡང་གཏན་འཁེལ་ཟིན་པའི་ཆེད་ལས་གདམ་གར་གཞིགས་ནས་ཆེད་ལས་དེའི་ཐད་ཀྱི་སློབ་གསོ་སྤུས་ལེགས་ཀྱི་སློབ་ཆེན་འདེམས་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཅིན་ཅང་གིས་ཆེད་ལས་དང་སློབ་གྲྭའི་རྒྱུ་རྐྱེན་ཕུད་སློབ་མས་སློབ་གྲྭ་འདེམས་སྐབས་རྒྱུ་རྐྱེན་གཞན་ལ་ཡང་བསམ་གཞིག་བྱེད་དགོས། “དཔེར་ན་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མི་འདྲ་བའི་དབར་གྱི་འཛད་སྤྱོད་ཆུ་ཚད་ཀྱང་མི་འདྲ་བ་དེས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་དཔལ་འབྱོར་ཁུར་པོ་ལྕི་རུ་འགྲོ་བའི་རྒྱུ་རྐྱེན་དེ་ཡིན་སྲིད་པས་སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭ་འདེམས་སྐབས་དེའི་ཐད་ལ་བརྟག་དཔྱད་གང་ལེགས་བྱེད་དགོས”ཞེས་བཤད་པ་རེད།

    ཨོ་སི་ཁྲུ་ལི་ཡ་ནི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མས་དགའ་པོ་བྱེད་པའི་སློབ་སྦྱོང་བྱ་ཡུལ་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་དང་ཀྲུང་གོ་འདི་ཉིད་ཨོ་སི་ཁྲུ་ལི་ཡར་སློབ་སྦྱོང་བྱེད་མཁན་སློབ་མའི་འབྱུང་ཁུངས་ཆེ་ཤོས་དེར་གྱུར་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གིས་ན་ནིང་ཟླ་7པར་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། ཨ་སི་ཁྲུ་ལི་ཡར་སློབ་སྦྱོང་བྱེད་པར་ཡོང་མཁན་མི་གྲངས་བསྡོམས་འབོར་ནང་ཀྲུང་གོའི་སློབ་མས28.5%བཟུང་ཡོད་པ་རེད། འཛམ་གླིང་གི་སློབ་གྲྭ་གྲགས་ཅན་ཤིན་ནན་ཝེའར་ཧྲི་སློབ་ཆེན་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་6000ཙམ་ཡོད་པ་དེས་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་བསྡོམས་འབོར་གྱི་བཅུ་ཆ་གཅིག་ཙམ་བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།