དབུ་ཤོག>གསར་འགྱུར།
  • འཛམ་གླིང་གི་ཆེད་དུ་སྤུས་ཚད་ལེགས་པའི་རྒྱ་གྲོ་མ་འདེབས་གསོ་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཕེ་རུར་བསྐྱོད་པའི་ མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་གཏོང་གསར་འགོད་པ། ཝང་ཧའེ་ལིན་གྱིས།   |     སྤེལ་དུས།  2015-02-02

    ཁྱེད་ཀྱིས་འཛམ་གླིང་དུ་རྒྱ་གྲོ་མ(ཡུལ་སྐད་དུ་ཞོག་ཁོག་ཀྱང་ཟེར)སྣ་ཁ་ག་ཚོད་ཡོད་པ་རྟོགས་སམ། འཛམ་གླིང་དུ་ཞོག་ཁོག་སྣ་ཁ་4000ལྷག་ཡོད་པའི་ཁྲོད་སྣ་ཁ་3000ལྷག་ཨན་ཏི་སི་རི་ཁུལ་དུ་བྱུང་ནའང་། འཛམ་གླིང་གི་ཞོག་ཁོག་སྣ་ཁ་ཕལ་ཆེ་བ་ནི་ཕེ་རུར་གནས་པའི་རྒྱལ་སྤྱིའི་ཞོག་ཁོག་ཞིབ་འཇུག་ལྟེ་གནས་ཀྱི་གཞི་རྒྱུ་ཐོན་ཁུངས་མཛོད་དུ་ཉར་ཡོད་པ་རེད།

    གསར་འགོད་པས་ཕེ་རུའི་རྒྱལ་ས་ལི་མ་གྲོང་ཁྱེར་གྱི་ཤར་ཁུལ་དུ་གནས་པའི་རྒྱལ་སྤྱིའི་རྒྱ་གྲོ་མ་ཞིབ་འཇུག་ལྟེ་གནས་སུ་བསྐྱོད་པ་ཡིན། ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་མི་སྣ་ལ་ན་ཐས་འདི་ག་ཚགས་པར་གྱི་གསར་འགོད་པར་འདི་ནི་ལྟེ་གནས་དེའི་མཚོན་རྟགས་ཡིན་པ་དང་ཞིབ་འཇུག་ལྟེ་གནས་ཀྱིས་ཞོག་ནད་ཡོད་པར་བརྟག་བཅོས་བྱས་ཏེ་ལོ་ལེགས་དེ་ཀུན་ལ་ཡོང་བར་བྱེད་པ་མཚོན་གྱི་ཡོད། ལྟེ་གནས་དེ་1971ལོར་བཙུགས་པ་དང་དེ་ནི་འཛམ་གླིང་དུ་དབང་གྲགས་ཆེ་ཤོས་ཀྱི་རྒྱ་གྲོ་མའི་ཞིབ་འཇུག་སྒྲིག་གཞི་ཡིན། ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། གླིང་ཆེན་ཨ་མེ་རི་ཀ་བཅས་སུ་ཡན་ལག་སྒྲིག་གཞི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ལྟེ་གནས་དེ་གར་འཛམ་གླིང་དུ་ཞོག་ཁོག་ས་བོན་དང་གཞི་རྒྱུའི་ཐོན་ཁུངས་མཛོད་ཆེ་ཤོས་ཡོད་པ་དང་དེ་ནི་འཛམ་གླིང་གི་ཞོག་ཁོག་ཞིབ་འཇུག་གི་རྟེན་གཞི་གཙོ་བོའི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་ལྟེ་གནས་དེས་རྒྱ་གྲོ་མ་བསྡུ་རུབ་དང་། གསོག་ཉར། ཞིབ་འཇུག་བཅས་བྱེད་པའི་ས་བོན་ཐོན་ཁུངས་དང་སྣ་ཁ་གསར་པ་འདེམས་གསོ་སོགས་བྱེད་པའི་ཐད་གྲུབ་འབྲས་མི་དམན་པ་ཐོབ་པ་དང་། མིག་སྔར་གཞི་རྒྱུ་མཛོད་དེས་ཞོག་ཁོག་དང་རྒྱ་གྲོ་མ་སོགས་འཕྲེད་རྒྱུག་རྩ་བ་ཅན་གྱི་རྩི་ཤིང་རིགས་ཀྱི་མ་དཔེ་ཁྲི་2ལྷག་ཉར་ཡོད་ཅིང་། གཞི་རྒྱུའི་མཛོད་ཀྱིས་འཛམ་གླིང་གི་ཞོག་ཁོག་སྣ་ཁ་ཕལ་ཆེ་བ་ཉར་རྒྱུར་འགན་ལེན་བྱས་ཏེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་ཐད་སྤྱད་ནས་འགྲོ་བ་མིའི་རིགས་ལ་ཕན་བདེ་སྐྲུན་གྱི་ཡོད་པ་རེད།

    ལྟེ་གནས་དེས་ཀྲུང་གོའི་དབར་མཉམ་ལས་དམ་ཟབ་བྱས་ཡོད། རྒྱལ་སྤྱིའི་རྒྱ་གྲོ་མ་ཞིབ་འཇུག་ལྟེ་གནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ལྟེ་གནས་ཀྱི་ཀྲུའུ་རེན་ལུའུ་ཞའོ་ཕིང་གིས་1985ལོར་རྒྱལ་སྤྱིའི་རྒྱ་གྲོ་མ་ཞིབ་འཇུག་ལྟེ་གནས་ཀྱིས་རང་རྒྱལ་དང་མཉམ་ལས་གྲོས་མཐུན་དངོས་སུ་བཞག་པ་དང་། ལོ་30ཡི་རིང་ཀྲུང་གོའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་མགྱོགས་ལ་འདེབས་ཁྱོན་ནི་སྤྱི་ཆིང་ཁྲི་200ནས་ད་ལྟའི་སྤྱི་ཆིང་ཁྲི་600ལྷག་ཏུ་གོང་འཕེལ་བྱུང་བ་མ་ཟད། ཐོན་ཚད་ཀྱང་ལོ་30གོང་གི་ཏུན་ཁྲི་3000ལྷག་ནས་ཏུན་དུང་ཕྱུར་1ཙམ་དུ་གོང་འཕེལ་བྱུང་ཡོད་ཅེས་འདི་ག་ཚགས་པར་གྱི་གསར་འགོད་པར་ངོ་སྤྲོད་བྱས་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།