དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • བོད་རང་སྐྱོང་ལྗོངས་རོལ་དབྱངས་སློབ་ཚོགས་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-19

    གསར་འགོད་པར་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་11ཚེས་14ཉིན། བོད་རང་སྐྱོང་ལྗོངས་རོལ་དབྱངས་སློབ་ཚོགས་བཙུགས་པ་དང་འབྲེལ་སྐབས་དང་པོའི་ཚོགས་མིའི་འཐུས་མིའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་རོལ་དབྱངས་སློབ་ཚོགས་བཙུགས་པ་དེས་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་ལས་དོན་པར་ཆེད་ལས་ཅན་གྱི་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་ཤིག་བཏོད་ཡོད། སློབ་ཚོགས་ཀྱིས་བོད་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་སྒྱུ་རྩལ་སྔོག་འདོན་དང་། ལེགས་སྒྲིག ཞིབ་འཇུག སྲུང་སྐྱོང་བཅས་དང་དེ་བཞིན་རོལ་དབྱངས་རིག་གཞུང་བགྲོ་གླེང་སྤེལ་རེས་དང་། སྒྱུ་རྩལ་འགྲེམས་འཁྲབ། ཤེས་ལྡན་པ་གསོ་སྐྱོང་སོགས་ལ་དམིགས་ནས་ལས་དོན་སྤེལ་ཏེ། རོལ་དབྱངས་སྒྱུ་རྩལ་གྱི་ཤེས་ལྡན་པའི་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་གྱིས་བོད་ཀྱི་རོལ་དབྱངས་སྒྱུ་རྩལ་རྒྱུན་འཛིན་འཕེལ་རྒྱས་དང་གསར་གཏོད་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    ཚོགས་མིའི་འཐུས་མི་པ་སངས་ནོར་བུས“བོད་རང་སྐྱོང་ལྗོངས་རོལ་དབྱངས་སློབ་ཚོགས་བཙུགས་པ་དེས་བོད་ལ་རོལ་དབྱངས་ཆེད་ལས་ཀྱི་སྤེལ་རེས་འཕེལ་རྒྱས་ཀྱི་ལས་སྟེགས་མེད་པའི་སྟོང་ཆ་བསྐངས་ཏེ་ང་ཚོར་ཆེད་ལས་སློབ་སྦྱོང་དང་། སྒྱུ་རྩལ་སྤེལ་རེས། བརྩམས་ཆོས་འགྲེམས་སྟོན། ཐུན་མོང་ཡར་རྒྱས་བཅས་ཀྱི་ཐབས་ལམ་བཟང་པོ་ཞིག་བཏོད་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།