ཐོས་བསམ་སེམས་ཀྱི་གླུ་ཆུང་།
ཤར་ཕྱོགས་ལྷུན་པོའི་སྤོ་ནས། །
བདེ་འབྱུང་གཙུག་རྒྱན་འཆར་བྱུང་། །
བཅོས་མིན་སེམས་ཀྱི་མགྲིན་གླུ། །
དབང་མེད་ངག་ནས་ཐལ་སོང་་། །
ཐོས་བསམ་སློབ་གཉེར་ཆེད་དུ། །
ཐག་རིང་གཞན་ཡུལ་འགྲིམ་ཡོད། །
དྲིན་ཆེན་ཡབ་ཡུམ་ཞལ་རས། །
ཡིད་ལ་ཝ་ལེར་ཝ་ལེར། །
སྐྱི་བསེར་རླུང་གི་སྤུ་གྲི། །
དམར་ཆུང་སྙིང་ལ་ཟུག་བྱུང་། །
དྲན་གདུང་སེམས་ཀྱིས་མ་བཟོད། །
སྐྱོ་གདུང་མཆི་ཞག་འཁོར་བྱུང་། །
སློབ་གླིང་ཁོར་ཡུག་མཛེས་པ། །
རིག་གནས་དྲི་ཞིམ་འཐུལ་བ། །
ཅང་སུའུ་ཚོད་ལྟའི་སློབ་འབྲིང་། །
ལང་ཚོའི་འོད་མདངས་འཚེར་ས། །
བཤེས་གཉེན་བྱམས་བརྩེ་ཆེ་བ། །
སློབ་བུ་བརྩོན་འགྲུས་ཆེ་བ། །
མ་འོངས་ཕ་ཡུལ་གངས་ལྗོངས། །
ཡར་རྒྱས་གོང་དུ་འཕེལ་བ། །
ལས་དང་དམ་ཚིག་དབང་གིས། །
སློབ་གླིང་གཅིག་ཏུ་འཛོམས་པས། །
མི་རིགས་སྣ་མང་ལྷན་དུ། །
སེམས་མཐུན་འབད་པས་གཞོལ་ཅིག །
སེམས་མཐུན་དགའ་མོས་ཚོགས་པ། །
སྐྱེས་སྟོབས་དཔྱིད་དཔལ་བཞད་འདྲ། །
རིག་པའི་རྩལ་ལག་ངོམས་ས། །
སྐྱེད་ཚལ་ལྡུམ་ར་མང་བ། །
ལང་ཚོའི་མེ་ཏོག་སྐྱེད་ཚལ། །
དྲོ་སྐྱིད་ཁྱིམ་གཞིས་ཆུང་ཆུང་། །
བློ་སྦྱོང་སེམས་ཀྱི་བསྟི་གནས། །
སེམས་ཀྱི་ལོག་མལ་རང་ཡིན། །
མཚར་སྡུག་ལང་ཚོའི་མཛེས་རྒྱན། །
སྐད་དང་ཡི་གེའི་དོ་ཤལ། །
རང་སེམས་གཙང་མས་བསྲུངས་ན། །
རིན་ཐང་ལས་ཀྱིས་རྟོགས་ཡོང་། །
འབྲེལ་ཡོད་གསར་འགྱུར།