ང་ཡི་སློབ་གྲྭ་མཛེས།
གངས་ཅན་སྨན་ལྗོངས་འཛམ་གླིང་ཡང་རྩེ་རུ། །
ཆེ་འབྲིང་སློབ་གྲྭ་མི་གཅིག་བརྒྱ་སྟོང་ཙམ། །
ལས་ཀྱིས་སྨིན་པའི་སློབ་གྲྭ་མང་ཡོད་ཀྱང་། །
སེམས་ལ་མཛེས་པ་ཅང་སུའུ་ཚོད་སློབ་རང་། །
བཤེས་གཉེན་ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །
སློབ་བུའི་རིག་པ་སྐར་ཚོགས་བཞིན་དུ་བཀྲ། །
དགེ་སློབ་བརྩེ་བ་འོ་ཆུ་གཅིག་འདྲེས་ལྟར། །
མཛེས་མཛེས་ང་ཡི་ཅང་སུའུ་ཚོད་སློབ་མཛེས། །
བ་གམ་ཁང་བཟང་རིན་ཆེན་གཞལ་ཡས་ཁང་། །
སྔོ་ལྗང་ཁོར་ཡུག་མེ་ཏོག་ལྡུམ་རས་བསྐོར། །
དགོས་འདོད་ཤེས་རིག་ནོར་བུ་འཕེལ་བའི་སྒོ། །
མང་མང་མཁྱེན་རྒྱ་ཆེ་བའི་བཤེས་གཉེན་མང་། །
སྐར་གྲངས་ཙམ་ལ་གཡམ་རྒྱུག་མི་བྱེད་པར། །
སློབ་མའི་ཕྱོཌ་ཡོངས་ཀུན་ནས་འཕེལ་རྒྱས་གཏོང་། །
གངས་ཅན་སློབ་གླིང་རྩེར་སོན་འདི་ཉིད་ལ། །
མང་མང་རང་གཞན་ཀུན་གྱིས་བསྔགས་བརྗོད་བྱེད། །
རིག་རྩལ་བྱེད་སྒོས་ལང་ཚོའི་སྙིང་སྟོབས་སྐྱོང་། །
འཇོན་ནུས་ངོམ་པའི་གར་སྟེགས་གོ་སྐབས་མང་། །
ལང་ཚོའི་མེ་ཏོག་མཛེས་པའི་གཞོན་སྐྱེས་ཚོ། །
རང་ནུས་ཡོད་རྒུས་ཤེས་ཡོན་སྦྱོང་བར་བརྩོན། །
རིག་པའི་རྩལ་ལག་ངོམ་སའི་ཁྱིམ་གཞིས་ཏེ། །
ལང་ཚོའི་མེ་ཏོག་སློབ་རའི་མཛེས་རྒྱན་ཡིན། །
རྩོམ་རྩལ་ཕ་མཐའ་ཆོད་པའི་གཤོག་ཟུང་རྒྱས། །
སྲོལ་བཟང་དྲི་བསུང་འཐུལ་བ་ཡིད་ཀྱི་གསོས། །
དཔེ་ཀློག་དབྱངས་རྟ་སྙན་པའི་འཛིན་གྲྭའི་ནང་། །
དོན་གཉེར་ལས་དབང་མཐུན་པའི་བཤེས་གྲོཌ་མང་། །
དཔུང་པ་མཉམ་གཤིབ་སློབ་གཉེར་བགོ་སྐལ་འདི། །
ཡང་དག་ཏང་གི་སྲིད་ཇུས་བཟང་པོའི་དྲིན། །
འབྲེལ་ཡོད་གསར་འགྱུར།