སྦྲ་ཆེན། ང་ཡི་སྦྲ་ཆེན།
སྐད་འཕྲིན་གྲོགས་ཚོམས་ཀྱི་གསར་འགྱུར་ལས་མཐོང་བའི།
ཨང་གྲངས་བདུན་ཚེག་ཀླད་ཀོར་གྱིས།
ངས་དགོང་མོ་དེར་གློ་བུར་དུ་ཁྱོད་རང་དྲན་དགོས་བྱུང་།
སེམས་ཁྲལ་གྱིས་དབུགས་ཁ་དྲག་ཏུ་འཚང་བཞིན་དྲན་དགོས་བྱུང་།
རང་ཉིད་ཧ་ཅང་འཁོས་ཆུང་ཡིན་པར་རྟོགས་དུས།
ངས་ད་གཟོད་ཏང་གི་བཀའ་དྲིན་དག་དྲན་ཡོང་།
སེམས་པའི་གཏིང་རུམ་ནས་དྲན་ཡོང་།
སྒོ་གསུམ་གྱི་ཀློང་ནས་དྲན་ཡོང་།
ད་ལྟ་ང་ལ་ཐབས་ཤེས་གཅིག་མ་གཏོགས་མི་འདུག
དེ་ནི།
འཚོ་བ་གསར་པའི་ཉི་གཞོན་གང་མགྱོགས་འཆར་བར་ཤོག
ས་སྒང་རིལ་མོ་ནས་ང་དང་ང་ལྟ་བུས་ཕུལ་བའི་སྨོན་འདུན་རེ་རེས།
བར་ཆད་དང་རྐྱེན་ངན་ཐམས་ཅད་ཞི་འགྲོ་བའི་དམིགས་པ་གཏད།
སྦྲ་ཆེན། ང་ཡི་སྦྲ་ཆེན།
ནངས་སྔ་མོའི་ཉི་ཟེར་རི་ལ་ཕོག་དུས།
ངས་གསར་འགྱུར་སྙིང་ཉེ་བ་ཞིག་མཐོང་ན་བསམས།
བྲང་ཁོག་འཚངས་པའི་དབུགས་རྒོད་དག་ཀྱང་།
དེ་དུས་ག་ལེར་ཞི་ལྷོད་ལ་བབས་ཏེ་འབྱིན་ཐུབ་ན་བསམས།
སྟབས་ལེགས་པ་ཞིག་ལ།
རླབས་ཆེན་མེས་རྒྱལ་གྱི་ཐུགས་རྗེའི་འོད་ཟེར་རེ་རེས།
ཕྱོགས་བཞི་མཚམས་བརྒྱད་ཀྱི་རོགས་སྐྱོར་གྱི་ལག་ཟུང་དྲོན་མོ་རེ་རེས།
ད་ནི་ཁྱེད་ལ་སླར་ཡང་ཁྱིམ་གཞིས་དང་འཚོ་བ་གསར་པ་སྐྲུན་བཞིན་འདུག
ད་ནི་ཁྱེད་ཀྱིས་མགོ་བོ་ཡར་ལ་དགྱེ་ནས་མདུན་དུ་སྐྱོད་རོགས།
འབྲེལ་ཡོད་གསར་འགྱུར།