མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད།མལ་གྲོའི་སྣམ་ཞྭའི་གསོན་ཤུགས་རབ་ཏུ་རྒྱས།

སྣམ་ཞྭ་ནི་ལྷ་ས་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་ཞིང་། དེར་ལོ་བརྒྱ་ཕྲག་གི་རྒྱུན་འཛིན་ལོ་རྒྱུས་ལྡན་ཡོད། མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཡངས་རི་སྒང་སྣམ་ཞྭའི་སྲོལ་རྒྱུན་ཁབ་བསླས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་ས་གནས་དེ་གའི་ལག་ཤེས་སྒྱུ་རྩལ་པས་སྲོལ་རྒྱུན་གྱི་འཚེམ་བཟོའི་ལག་རྩལ་རྒྱུན་འཛིན་གྱིས་སྣམ་བུའི་རྒྱུ་ཆ་དྲས་པ་དང་བཟོ་རྩལ་རྙོག་འཛིང་ཆེ་བའི་སྣམ་ཞྭ་རེ་རེ་དང་མི་རིགས་ལག་ཤེས་ཐོན་རྫས་རེ་རེ་བཟོ་ཁང་འདི་ནས་ཐོན་གྱི་ཡོད། མཉམ་ལས་ཁང་གིས་གནའ་བོའི་ལག་རྩལ་རྒྱུན་འཛིན་གྱིས་ས་གནས་དེ་གའི་མང་ཚོགས་ལས་ཀར་ཡོང་རྒྱུའི་ཡིད་དབང་བཀུག་ནས། གནའ་བོའི་མངོན་མིན་རིག་གནས་ཤུལ་བཞག་ལས་གསོན་ཤུགས་གསར་པ་རྒྱས་པར་བྱས་ཏེ་རིག་གནས་རྒྱུན་འཛིན་དང་མང་ཚོགས་ལ་འབབ་འཕར་ཡོང་བར་བྱས་ཡོད། འདི་ནི་བཟོ་བོ་རྒན་པོས་བོད་ཆས་འཚེམ་བཞིན་པ།
འབྲེལ་ཡོད་གསར་འགྱུར།