ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་པའི་རིག་གནས་ཁང་སྒྱུར་བཀོད་རིམ་སྤོར་བྱས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་གི་ཐོག་སོ་དང་པོའི་རིམ་སྤོར་སྒྱུར་བཀོད་ཀྱི་ལས་གྲྭ་ལས་མཇུག་འགྲིལ་ནས་ཕྱི་ཕྱོགས་ལ་དངོས་སུ་སྒོ་ཕྱེ་བ་དང་དཔེ་མཛོད་ཁང་གི་ཁོར་ཡུག་གསར་པ་དང་སྤུས་ལེགས་ཀྱི་ཞབས་ཞུར་གྲོང་མིའི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་ནི་མང་ཚོགས་ཀྱི་དཔེ་ཀློག་དགོས་མཁོར་དམིགས་ནས་སྒྱུར་བཀོད་བྱས་པ་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་བར་མཐོངས་ཀྱི་བཀོད་པ་ལེགས་གཏོང་དང་ཁུལ་དབྱེ་གསལ་བཟོ་བྱས་ནས་སྔར་ཡོད་ཀྱི་བཀོད་པ་ཐར་ཐོར་དང་གུ་དོག་པ་སོགས་ཀྱི་ཞན་ཆ་བསལ་ཡོད། དེ་དང་ཆབས་ཅིག སྒྲོག་ཙེ་རྐུབ་སྟེགས་དང་གློག་སྒྲོན་དང་རླུང་འགྲོ་སོགས་དམངས་ཕན་སྒྲིག་ཆས་གསར་པ་བརྗེས་ནས་གཙང་ལ་ནུས་ཆེ་དང་སྐྱིད་སྣང་དོད་པའི་དེང་རབས་ཅན་གྱི་དཔེ་ཀློག་བར་མཐོངས་ཤིག་བཏོད་ཡོད།
སྒྱུར་བཀོད་བྱས་རྗེས་ལྷོ་ཁ་གྲོང་ཁྱེར་དཔེ་མཛོད་ཁང་དུ་དེབ་ལྟ་བར་ཡོང་མཁན་རྒྱུན་མཐུད་མང་དུ་ཕྱིན་ཡོད། བསྐྱར་དུ་སྒོ་ཕྱེ་ནས་གཟའ་འཁོར་གཅིག་སོང་ཚུན་དཔེ་མཛོད་ཁང་གིས་རིམ་རྩིས་བརྒྱབ་ན་ཀློག་པ་པོ་མི་ཐེངས་883ལ་སྣེ་ལེན་ཞུས་པ་དང་དཔེ་དེབ་གཡར་ཐེངས་289ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།