དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཉི་མ་ཆོས་གྲུབ།   |     སྤེལ་དུས།  2026-09-27

    གསེར་མདངས་རབ་ཏུ་རྒྱས་པའི་ཟླ་བ་བཅུ་པར། སྟོན་རླུང་བསིལ་བུས་འབྲུ་རིགས་སྣ་ལྔའི་དྲི་ཞིམ་སོས་པ་དྲི་འཛིན་བུ་གའི་གསོས་སུ་སྨིན་ཞིང་། གྲོང་དང་གྲོང་གསེབ་ཆེ་ཆུང་གང་སར་དགའ་སྤྲོའི་རྣམ་པས་རབ་ཏུ་ཁེངས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དེ་ཁྱིམ་ཚང་ཚང་མའི་ཐོག་ཁའི་སྟེང་ནས་ལྷབ་ལྷུབ་ཏུ་གཡོ།

    ཞོགས་པའི་ཉི་གཞོན་བསེར་བུའི་རླུང་དང་བསྡོངས་ནས་ཚ་ཆིལ་ཆིལ་ངང་འཕྲོ་དུས། ཡུལ་ལྗོངས་དེ་ནི་ལྟ་བས་ཆོག་མི་ཤེས། བློ་བདེ་བག་ཕེབས་ཀྱི་ལམ་ཞུགས་འགྲུལ་པའི་གདོང་ནས་ལྷིང་འཇགས་དགའ་སྤྲོའི་འཛུམ་མདངས་མངོན། མི་དམངས་དཀྱུས་མའི་དེང་གི་འབྱོར་འབྲིང་འཚོ་བའི་ཁྲོད་ནས་རྒྱལ་ཁབ་དར་ཞིང་རྒྱས་ལ་དམངས་རྣམས་བདེ་སྐྱིད་ལྡན་ཚུལ་ལེགས་པར་མངོན། རང་རེའི་མེས་རྒྱལ་གྱི་ས་ཕྱོགས་གང་སར་མི་དམངས་ཞི་བདེའི་དཔལ་ལ་རོལ་བཞིན་དུ་རྒྱལ་སྟོན་དུས་ཆེན་དགའ་བས་བསུ་བཞིན་མཆིས།

    སྔར་སོང་ལོ་ཟླར་ཕྱི་མིག་བལྟས་ན་དགའ་སྐྱོ་འདྲེས་མའི་སྣང་བ་འཆར། དེ་ཡང་ང་ཚོའི་མེས་རྒྱལ་གྱིས་དཀའ་ཚེགས་ཆེ་བའི་གེགས་བར་དུ་མ་ལུ་གུ་རྒྱུད་དུ་སེལ་ནས་བྱོན་ཞིང་། མི་རབས་མང་པོའི་དཔའ་དང་སྤོབས་པ་བརྩོན་འགྲུས་ལྕག་གིས་རབ་ཏུ་བྲབས་པས། གདོན་བགེགས་ཐམས་ཅད་རྡུལ་དུ་བརླགས་ཏེ་སྤྱི་ཚོགས་གསར་པའི་མེས་རྒྱལ་གྱི་ལང་ཚོའི་འཛུམ་ཞལ་དྲོན་མོ་འཛམ་གླིང་ཁྱོན་དུ་ངོམ། དེང་འདིར་སྲིད་བཟང་ཆར་ཆུ་དུས་སུ་བབས་ཤིང་། སྲིད་སྐྱོང་ལོ་ཕྱུགས་རྟག་ཏུ་ལེགས། ང་ཚོ་ཚང་མ་མེས་རྒྱལ་གྱི་པང་ཁ་ནས་འཚར་ལོངས་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་དམ་པོར་འབྲངས་ནས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་རོལ། བཀྲ་ཤིས་གྲོང་དང་གྲོང་གསེབ་ཚོགས་རྣམས་འཁྲུག་ཆ་དོད་ཀྱང་འཚོ་བ་ལས་ཀའི་འཁོར་སྐྱོད་གོ་རིམ་ལྡན། ཁང་ཁྱིམ་བཀོད་ལེགས་དཀར་ཆ་དོད་ཅིང་། དམངས་རྣམས་མཐུན་སྒྲིལ་བརྟན་ལྷིང་དང་ཤེས་དཔལ་བདེ་ལྡན་གྱི་ལམ་དུ་གདེང་སྤོབས་ངང་གོམ་ཞེང་ཆེན་པོས་སྐྱོད།

    རྒྱལ་སྟོན་དུས་ཆེན་འཆར་མཚམས་འདིར། ང་ཚོ་ཚང་མའི་སེམས་ཀྱི་ཞིང་སར་ཡང་སྐར་ལྔའི་དར་དམར་རེ་རེ་ལྷབ་ལྷུབ་ཏུ་གཡོ་བས། གསར་བརྗེའི་རྒན་རབས་པ་ཁྲི་སྟོང་མང་པོའི་ཐོག་མའི་བཞེད་འདུན་ནམ་ཡང་བརྗེད་མི་སྲིད། ང་ཚོས་མུ་མཐུད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་དང་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་འབད་བརྩོན་ལྷོད་མེད་ཞུ་ངེས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།