དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • མེས་རྒྱལ་མངའ་ཐང་རྒྱས་པར་ཤོག

    —— རྒྱལ་སྟོན་དུས་ཆེན་དགའ་བས་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་ཚེ་གཞོན་པ།   |     སྤེལ་དུས།  2026-09-27

    རིང་རིང་བགྲང་བྱ་དོན་བདུན་བརྒྱུད་མྱོང་བའི། །

    ཡང་ཡང་ལམ་དེར་ཕྱི་མིག་བལྟས་པའི་ཚེ། །

    ཆེ་ཆེ་རླབས་ཆེན་སྐྱེད་མའི་དཀའ་སྡུག་དག །

    ཝལ་ཝལ་སེམས་ལ་ག་ལེར་འཆར་ཡོང་ངོ་། །


    མང་མང་རྒྱལ་ཁབ་སྐར་ཚོགས་བཀྲ་བའི་དབུས། །

    བརྗིད་བརྗིད་མེས་རྒྱལ་རྒྱུ་སྐར་རྒྱལ་པོའི་དཔེ། །

    ལྡིར་ལྡིར་གོ་ལའི་ཁྱོན་དུ་གྲགས་པ་ཡི། །

    སྙན་སྙན་ཀྲུང་ཧྭ་མེས་པོའི་རྒྱལ་ཁབ་བསྟོད། །



    མཐུན་མཐུན་མི་རིགས་ལྔ་བཅུ་ང་དྲུག་དག །

    རིལ་རིལ་སེ་འབྲུའི་རྡོག་ལྟར་གཅིག་སྒྲིལ་གྱིས། །

    རྩོད་རྩོད་དྲི་ཙམ་དབེན་པའི་དཔེ་ཟླ་རུ། །

    མཐུན་མཐུན་སྤུན་བཞིའི་རྣམ་ཐར་ཁོ་ན་འཇོག །


    དམ་དམ་ཁྲིམས་ཀྱིས་རྒན་གཞོན་སྐྱེ་བོ་ཀུན། །

    ཡང་ཡང་སྐྱོང་བའི་འབྲས་རྟགས་འབའ་ཞིག་ཏུ། །

    སྔོན་སྔོན་རྒན་མོ་གསེར་ཁུར་གཏམ་རྒྱུད་དག །

    དེ་དེ་ངག་རྒྱུན་མ་ཡིན་དོན་དངོས་ཡིན། །


    མཐོ་མཐོ་མཁའ་ལ་འཕུར་བའི་ལྕགས་བྱ་དང་། །

    དམའ་དམའ་ས་ལ་རྒྱུ་བའི་མེ་འཁོར་སོགས། །

    མྱུར་མྱུར་སེམས་པ་སླེབས་སར་ལུས་པོ་བསླེབས། །

    བདེ་བདེ་འགྲིམ་འགྲུལ་དར་བའི་དན་རྟགས་སོ། །


    གསར་གསར་AIལག་རྩལ་དར་ཁྱབ་ཀྱིས། །

    མང་མང་སྨན་བཅོས་འཕྲོད་བསྟེན་ལ་སོགས་པའི། །

    གང་གང་མཁོ་བའི་བྱ་བ་སྒྲུབ་པ་ལ། །

    མཚར་མཚར་ཆར་པ་ཆུ་གྲོགས་དཔེ་རུ་སོང་། །


    སྐྱིད་སྐྱིད་སློབ་གྲྭའི་སྐྱེད་ཚལ་ཪ་བ་ན། །

    མང་མང་སློབ་མ་བུང་བའི་ཁྱུ་ཚོགས་ཀྱིས། །

    བརྩོན་བརྩོན་ཤེས་ཪིག་སྦྲང་རྩི་འཐུ་བས་ན།

    ཪིག་གནས་སློབ་གསོ་དཪ་བའི་དགེ་མཚན་མཐོང་། །


    བགྲེས་བགྲེས་བགྲང་བྱའི་ཁུཪ་གྱིས་དུད་པ་ཡི། །

    མང་མང་རྒན་འཁོགས་སོས་དལ་བག་ཕེབས་ཀྱིས། །

    སྐྱིད་སྐྱིད་ཚེ་མཇུག་སྐྱེལ་བའི་ཚུལ་མཐོང་དུས། །

    ལེགས་ལེགས་རྒན་གསོའི་སྲིད་བཟང་མངོན་པར་བསྟོད། །


    གྲོང་དང་གྲོང་ཁྱེཪ་ཁང་བཟང་སྟཪ་ཕྲེང་ཕྲེང་། །

    ཚོང་ཟོག་སྣ་ཁ་མི་འདྲ་ཁྲ་ཆིལ་ཆིལ། །

    ཚོང་སྐད་འདྲ་མིན་རྒྱག་པས་འུ་ཪུ་ཪུ། །

    ཁྲོམ་ཪའི་ཉོ་ཚོང་འདུ་འགོད་སྤྲིན་འཐིབ་འཐིབ། །


    ལས་གྲྭའི་ཕྱོགས་མཚམས་ཀུན་ཏུ་བྲེལ་འཚུབ་འཚུབ། །

    འཕྲུལ་འཁོར་ཆེ་ཆུང་མང་པོའི་སྒྲ་ལྡིར་ལྡིར། །

    འཛུགས་སྐྲུན་བྱ་གཞག་འདུ་འགོད་འུ་རུ་རུ། །

    བཟོ་ལས་འཕེལ་རྒྱས་ལྟས་བཟང་མངོན་མཐོ་མཐོ། །


    དམངས་རྣམས་ཕྱུག་འགྱུཪ་ལམ་བཟང་སྣེ་མང་མང་། །

    དངུལ་ལོར་མང་པོས་སྦ་ཁུག་རྒྱགས་ཪིལ་ཪིལ། །

    སྦྱིན་བདག་ཨ་ཇོའི་ཞལ་ཪས་སྣུམ་ཚིལ་ཚིལ། །

    བདེ་སྐྱིད་འཚོ་བའི་གླུ་སྒྲ་སྙན་ལྷང་ལྷང་། །


    འབྱོར་འབྲིང་ལམ་བཟང་བགྲོད་པའི་འགྲོས་མྱུར་མྱུར། །

    སྲིད་འབྱོར་རིག་གསུམ་བྱ་གཞག་ཆུ་རྒྱུག་རྒྱུག །

    དམངས་ཕན་སྲིད་ཇུས་བཟང་པོ་ཆར་འབབ་འབབ། །

    དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཟླ་འཕེལ་འཕེལ། །


    བརྗིད་བརྗིད་གོ་ལའི་ཁྱོན་དུ་མངོན་འཕགས་པའི། །

    གསར་གསར་ཀྲུང་གོ་གསར་པའི་མི་དམངས་རྣམས། །

    སྐྱིད་སྐྱིད་འཚོ་བ་སུམ་རྩེན་ཡུལ་ལ་ཡང་། །

    ཡང་ཡང་སྐྱེངས་པ་སྟེར་བ་འདི་ཀོ་རྨད། །


    ཆུང་ཆུང་རྒྱལ་ཁབ་སྨོས་ཅི་གཞན་གྱིས་ཀྱང་། །

    བརྙས་བརྙས་གཙེས་གཙེས་ཙམ་ཡང་མི་ནུས་པའི། །

    ཆེ་ཆེ་མེས་རྒྱལ་མངའ་ཐང་རྒྱས་པ་ཡི། །

    ཡངས་ཡངས་གོ་ལའི་ཤར་དུ་དབུ་འཕང་མཐོ། །


    བཀྲ་ཤིས་བགྲང་བྱ་དོན་བདུན་འཁྲུངས་སྐར་ལ། །

    བཀྲ་ཤིས་མེས་རྒྱལ་བཀའ་དྲིན་བསམ་བཞིན་དུ། །

    བཀྲ་ཤིས་མེས་རྒྱལ་སྟོབས་འབྱོར་རྒྱས་པ་དང་། །

    བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།