དབུ་ཤོག>བོད་ཀྱི་རིག་གནས།>དམངས་གཞས་འོས་སྦྱོར།
  • དབུས་གཙང་ཁུལ་གྱི་དམངས་གཞས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-09-20

    ཆུ་ལ་ཤེལ་སྒོ་བཙུགས་ནས། །

    ཉ་མོ་འཛིན་རྒྱུ་ཡོད་ན། །

    གནམ་ལ་སྐས་ཐེམ་བཙུཊ་ནས། །

    འོད་ཟེར་ཕྱག་ལ་ཕུལ་ཆོག །

    ཆུང་འདྲིས་བྱམས་པའི་ཞལ་ནས། །

    ཟླ་གཅིག་ཞག་མ་བཅོ་ལྔ། །

    ཟླ་བ་ཕར་ལ་བཞག་ནས། །

    བཅོ་ལྔ་ལོ་ལས་རིང་བ། །

    ལྕང་མ་རི་ལ་བཏབ་པས། །

    ལྕང་རྩ་ནུབ་ལ་བརྒྱུགས་སོང་། །

    ལྕང་མ་རང་གི་ལས་དེ། །

    ནུབ་ལ་ཡོད་པ་མིན་འགྲོ །

    རྒྱ་མཚོའི་མཐའ་ནས་འཁྲུངས་པའི། །

    རྩ་བ་ཀུ་ཤུའི་སྡོང་པོ། །

    ཁྱེད་ལ་འབྲས་བུ་མེད་ཀྱང་། །

    ལོ་མས་སྐྱོར་རོགས་ཞུས་ཆོག །

    སྤང་དེ་སྤང་རྒྱས་ཆེ་བ། །

    གཡག་གུ་འགྲོ་རྒྱས་རྒོད་པ། །

    སྐེད་པའི་འུར་རྡོ་ཁྲ་ཆུང་། །

    ཐུགས་ལ་བཞག་རོཊ་གནང་དང་། །

    ཉི་མ་ནུབ་ཕྱོགས་ལ་མོའི། །

    ལྷུང་ལྷུང་ཡར་ལ་བྱོན་སོང་། །

    བདག་རང་ནུབ་ཕྱོགས་ལ་མོའི། །

    ལ་རྩེ་ཡིན་ན་བསམས་བྱུང་། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།