དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དྲིན་ཆེན་ཏང་ལ་བསྟོད་གླུ་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཉི་མ་ཆོས་གྲུབ།   |     སྤེལ་དུས།  2026-09-20

    ཏང་མིའི་ཐོག་མའི་བསམ་འདུན་འགན་འཁྲི་ནི། །

    མི་དམངས་བདེ་སྐྲུན་མི་རིགས་བསྐྱར་དར་ཡིན། །

    འདི་ནི་རྒྱུན་མི་ཆད་པར་མདུན་སྐྱོད་ཀྱི། །

    སྐུལ་མ་ཐེབས་པའི་རྩ་བའི་སྒུལ་ཤུགས་ཡིན། །

    འགྱུར་མེད་སྟོབས་ལྡན་ཡང་དག་དབུ་ཁྲིད་ནི། །

    ཡར་བརྩོན་སྙིང་སྟོབས་འཕེལ་བའི་སྒུལ་ཤུགས་ཡིན། །

    རིས་མེད་འགྲོ་བ་སྐྱོང་བའི་སྲིད་བཟང་ནི། །

    ཡང་དག་ལམ་ཕྱོགས་སྟོན་པའི་སྒྲོན་མེ་ཡིན། །

    ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་བྱེད་པ་ནི། །

    ནང་མཁོ་རྒྱ་སྐྱེད་བྱེད་པའི་ལམ་བཟང་ཡིན། །

    དམངས་ཕན་ལས་གྲྭ་རབ་དང་རིམ་པ་ནི། །

    འབྱོར་འབྲིང་སྲ་བརྟན་གཏོང་བའི་རྨང་རྡོ་ཡིན། །

    སྒྲིག་སྲོལ་ཁྲིམས་ལུགས་འཐུས་སྒོ་ཚང་བ་ནི། །

    སྤྱི་ཚོགས་བརྟན་ལྷིང་ཡོང་བའི་སྔོན་འགྲོ་ཡིན། །

    སྲོལ་རྒྱུན་རིག་གནས་དམ་འཛིན་བྱེད་པ་ནི། །

    བསམ་པའི་དཔལ་ཡོན་འཛུགས་པའི་མྱུ་གུ་ཡིན། །

    རྡོ་རྗེས་བྲག་རི་བཅོམ་པ་ཇི་ལྟ་བུར། །

    རུལ་སུངས་སྟག་སྦྲང་རིམ་པས་ཚར་བཅད་དེ། །

    མ་ཡིས་བུ་ཆུང་བསྐྱངས་པ་ཇི་བཞིན་དུ། །

    མི་རིགས་ང་དྲུག་གཅེན་གཅུང་ལྷན་འཛོམས་ཡིན། །

    རང་ཁྱིམ་རང་བདག་དམངས་གཙོའི་ཆབ་སྲིད་སྤེལ། །

    རིག་གནས་དར་སྤེལ་དམངས་འཚོར་འགན་སྲུང་མཛད། །

    སྤྱི་ཚོགས་བཅོས་སྐྱོང་སྐྱེ་ཁམས་དཔལ་ཡོན་སྲུང་། །

    གཞན་ཡིད་སྨོན་པའི་ཀྲུང་གོ་ལེགས་པར་བསྐྱངས། །

    ཀྲུང་གོའི་ཁྱད་ལྡན་དམག་དཔུང་སྟོབས་ལྡན་བསྐྲུན། །

    རྒྱལ་སྲུང་དམག་དཔུང་དེང་རབས་ཅན་དུ་འགྱུར། །

    རྒྱལ་གཅིག་ལུགས་གཉིས་གོང་བུ་གཅིག་གྱུར་དང་། །

    ཞི་བའི་འཕེལ་རྒྱས་བགྲོད་ལམ་མཐའ་འཁྱོངས་གནང་། །

    ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ལ། །

    རྒྱལ་ཁ་བླངས་ཤིང་དུས་རབས་གསར་པ་ཡི། །

    ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་ཀྱི། །

    རླབས་ཆེན་རྒྱལ་ཁ་ལེན་ཕྱིར་འབད་བརྩོན་གནང་། །

    ལོ་རྒྱུས་འཁོར་ལོ་མདུན་ནས་མདུན་དུ་འཁོར། །

    དུས་ཀྱི་རླབས་རྒྱུན་དྲག་ནས་དྲག་ཏུ་འཕྱུར། །

    ཏང་གི་མཐུན་སྒྲིལ་གཅིག་གྱུར་བསྲུངས་པའི་ཐོག །

    ཏང་དམངས་ཤ་ཁྲག་འབྲེལ་བ་རྒྱུན་འཁྱོངས་གནང་། །

    གསར་བརྗེ་མཁན་པོའི་ལོ་རྒྱུས་གཏིང་གཞི་ཟབ། །

    འགྲན་ཟླ་མེད་པའི་མདུན་སྐྱོད་སྟོབས་ཤུགས་ཆེ། །

    རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཡོངས། །

    ཀྲུང་དབྱང་མཐའ་སྐོར་མཐུན་སྒྲིལ་དམ་ཟབ་བྱེད། །

    ཀྲུང་གོའི་ཁྱད་ལྡན་སྤྱི་ཚོགས་རིང་ལུགས་ཀྱི། །

    དར་ཆ་རླབས་ཆེན་མཐོན་པོར་རབ་བསྒྲེངས་ཤིང་། །

    བློ་རྩ་བརྟན་པོས་ཡར་བརྩོན་ལྷུར་ལེན་དང་། །

    དཀའ་སྤྱད་སྙིང་རུས་ལས་དོན་ཧུར་ཐག་སྒྲུབ། །

    དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་དང་། །

    མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། །

    འཛམ་གླིང་ཞི་བདེར་རམ་འདེགས་ཐུན་མོང་དུ། །

    འཕེལ་རྒྱས་ཡོང་བའི་ལོ་རྒྱུས་ལས་འགན་འགྲུབ། །

    ཆར་རྗེས་སྨྱུག་མའི་མྱུ་གུ་དང་མཚུངས་པར། །

    ཚན་རྩལ་ཐོན་རྫས་གང་མང་གསར་དུ་ཐོན། །

    དབྱར་གྱི་མཚོ་མོ་རྒྱས་པ་ཅི་འདྲ་བར། །

    རྒྱལ་དམངས་དཔལ་འབྱོར་ཉིན་བཞིན་གོང་དུ་འཕེལ། །

    དཔལ་འབྱོར་འཕེལ་རྒྱས་ཡར་ངོའི་ཟླ་དང་མཚུངས། །

    སྤྱི་ཚོགས་དར་རྒྱས་ལེ་ཚན་གསར་པ་བརྩམས། །

    དུས་རབས་དང་བསྟུན་གོམ་སྟབས་སྒྱུར་བཞིན་དུ། །

    དམངས་སྣེ་ཁྲིད་མཁས་ཀྲུང་གོ་གུང་ཁྲན་ཏང་། །

    ཆབ་སྲིད་ལམ་ཕྱོགས་སྟོན་པའི་དར་པོ་ཆེ། །

    ཀྲུང་ཧྭའི་བུ་ཕྲུག་སྐྱོང་མཁས་གུང་ཁྲན་ཏང་། །

    ཕུགས་འདུན་སྒྲུབ་སླད་དར་དམར་མཐོན་པོར་བསྒྲེངས། །

    དུས་རབས་གསར་པའི་ཕྱོགས་སུ་མདུན་དུ་སྐྱོད། །

    ཏང་ཡོན་གཟུགས་བརྙན་འོད་སྟོང་རབ་ཏུ་འཚེར། །

    བསམ་འདུན་མ་བརྗེད་གདེང་ཚོད་ལྷག་པར་བརྟན། །

    གྲོང་གསེབ་དར་རྒྱས་གཏམ་བཟང་གྲགས་པའི་ཁྲོད། །

    དམངས་རྣམས་དགའ་བས་ཏང་ལ་བསྟོད་གླུ་འབུལ། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།