དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བརྩེ་འཕྲིན་མུ་ཏིག་དོ་ཤལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འོད་འཛིན་མ།   |     སྤེལ་དུས།  2026-09-20

    སྲོད་ཀའི་མེ་ལོང་ནང་དུ། །

    མཚམས་སྤྲིན་མེ་ཏོག་ཤར་དུས། །

    རྒྱུ་སྐར་ཁྲོད་ཀྱི་འོད་དཀར། །

    ཤར་རིའི་རྩེ་ནས་འཛུམ་ཡོང་། །

    མིག་གིས་མཐོང་བ་ཡོད་ཀྱང་། །

    ལུས་ཀྱིས་རེག་པ་མེད་པའི། །

    མགུར་ཆུང་ནང་གི་ཟླ་གཞོན། །

    དྲན་པ་མཚོ་རུ་ལྷུངས་འདྲ། །

    མིག་ཟུང་སྐར་ཕྲན་ཆ་གཅིག །

    མིག་བརྡ་སྙིང་ལ་ཕོག་བྱུང་། །

    ཞལ་རས་སྒོར་སྒོར་དེ་ཡང་། །

    ང་རང་ཁོ་ནར་ཕྱོགས་འདྲ། །

    སྒེའུ་ཁུང་འགྲམ་གྱི་སྡོང་རྒན། །

    ལོ་མ་རླུང་གིས་འདེད་དུས། །

    འུ་གཉིས་འཕྲད་པའི་སྟོན་ཟླ། །

    དོ་ནུབ་སླར་ཡང་དྲན་བྱུང་། །

    མི་ཚེའི་གྲུ་ཟུར་རེ་ནས། །

    རེ་བ་རླུང་ལ་མ་བཅོལ། །

    ལས་ལ་བསྐོས་པའི་རི་མོ། །

    ཡིད་ཀྱི་འཕར་ལྡིང་ཡིན་སོང་། །

    སྟོང་གསུམ་རི་ཆུའི་ཚོགས་ཀྱིས། །

    དྲན་གདུང་ནགས་མར་གླེང་སོང་། །

    རྨི་ལམ་བརྒྱ་ཕྲག་རུམ་སྟེ། །

    སེམས་དང་སེམས་པ་འདྲེས་ཡོད། །

    འཁོར་བའི་ཉིན་སྲིབ་བར་ནས། །

    མི་ཚེའི་བདེ་སྡུག་གླེང་ཞོར། །

    སེམས་ཀྱི་ཟབ་སར་ལྷག་པའི། །

    སྙན་ངག་མེ་ཏོག་ཁྱོད་ཡིན། །

    མི་ཁའི་ཚེར་ལམ་བརྒྱུད་དུས། །

    གོམ་ཆུང་ངལ་བ་ལྕི་ཡང་། །

    ཁྱོད་ཀྱི་ཞལ་རས་བསམས་ན། །

    ཞེན་ཆགས་གྲོལ་བ་མི་འདུག །

    ན་ནིང་བཏབ་པའི་སྨོན་ལམ། །

    ད་ལོ་བྲིས་པའི་ཡིག་ཆུང་། །

    བསུབ་ཀྱང་ཟུབ་རྒྱུ་མེད་པ། །

    འདང་བརྩེའི་རི་མོ་ཡིན་སོང་། །

    བརྗེད་མེད་ལོ་ཟླའི་དྲན་ཤིང་། །

    འགྱུར་མེད་གཡུང་དྲུང་གཡས་འཁྱིལ། །

    སྟོན་མཚན་ཟླ་བའི་འཛུམ་དཀར། །

    སུ་དང་འགྲན་ཐབས་མ་བྱུང་། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།