བཤེས་གཉེན་གྱི་བཀའ་དྲིན་དྲན་པ།
བཅུ་ཕྲག་རིག་གནས་བཀྲ་བའི་ལྡིང་ཁང་ན། །
མཚུངས་མེད་བྱམས་བརྩེའི་རང་མདངས་ཉི་ཟླའི་སྤུན། །
ཕྱོགས་མེད་ཐུགས་བརྩེ་སློབ་བུའི་ཚོཊ་ལ་གཏད། །
གཞལ་མེད་བཀའ་དྲིན་ཆེ་བའི་བཤེས་གཉེན་ལཊ། །
ཁྱེད་ཀྱི་དྲིན་ལན་གངས་ཀྱི་རི་བོ་ལ། །
དད་པའི་ལྷག་བསམ་གཡོ་བ་སྤྲིན་གྱི་མདངས། །
མ་བརྗོད་མཚོན་ཐབས་མེད་པའི་རྡང་ལ་བཏཊ། །
ཚིག་གི་ཕྲེང་བར་བརྒྱུས་ནས་ཁྱེད་ལ་འབུལ། །
རྫོགས་མེད་ཡོན་ཏན་རྒྱ་མཚོའི་ཕ་རོལ་ལ། །
རེ་བའི་གྲུ་ཆུང་བཏང་བ་གང་གི་བློ། །
ཚིམ་པར་བྱེད་པ་དཔག་བསམ་ལྗོན་པའི་ཤིང་། །
ཁྱེད་ནི་མི་རབས་ཤིག་གི་དར་ཆ་ཡིན། །
ཁྱེད་ཀྱི་ཡོན་ཏན་ཆུ་གཏེར་འཇིངས་ལས་ཟབ། །
ཁྱེད་ཀྱི་བྱམས་བརྩེ་ཉིན་བྱེད་དྲོད་ལས་ལྷག །
ཁྱེད་ཀྱིས་གཞན་དོན་ཀུན་གྱི་གཙུག་ལ་འཛིན། །
ཁྱེད་ཀྱིས་རང་དོན་བསྐྱུར་ནས་སློབ་བུ་བསྐྱངས། །
ཁྱེད་ནི་མཐོན་པོའི་དབྱིངས་ཀྱི་ཉི་མ་ཡིན། །
ཁྱེད་ནི་སྨག་རུམ་དབུས་ཀྱི་ཟླ་འོད་ཡིན། །
ཁྱེད་ནི་མི་རབས་ཤིག་གི་ལམ་སྟོན་ཡིན། །
ཁྱེད་ནི་དུས་རབས་ཤིག་གི་སྣེ་འདྲེན་ཡིན། །
འདས་པ་དྲན་པར་ཉར་མཁན་ཁྱེད་རང་དང་། །
མ་འོངས་ལམ་སྟོན་གནང་མཁན་ཁྱེད་རང་ཡིན། །
ཤེས་རིག་སྦྲང་ཆར་འཇོ་མཁན་ཁྱེད་རང་ཡིན། །
མདོར་ན་ཁྱེད་ནི་སློབ་བུའི་མིག་དཔེ་ཡིན། །
དེ་བས་ང་ཡིས་ཁྱེད་ཀྱི་དུས་ཆེན་ལ། །
བརྗོད་འདོད་སེམས་ཀྱི་ཚིག་གསུམ་ཞུ་བ་འདི། །
ལྷད་མེད་ཡིད་ཀྱི་ལྷག་བསམ་དཀར་པོ་ཡིན། །
བཤེས་གཉེན་དམ་པའི་ཐུཊ་ཀྱིས་རྟོཊ་པར་མཛོད། །
འབྲེལ་ཡོད་གསར་འགྱུར།