སྟོན་གྱི་རང་མདངས།
དབྱར་ཟླའི་ལང་ཚོ་འཚབ་འཚུབ་ངང་ནས་བཞུད། །
ནམ་ཟླ་སྟོན་གྱི་རྟགས་མཚན་དལ་གྱིས་ཤར། །
རི་དང་ནགས་ཚལ་སྤང་ཐང་ཞིང་ཁ་རུ། །
མ་བོས་མགྲོན་ལ་གསང་བའི་སྟབས་ཀྱིས་ལྷཊ། །
དབྱར་གྱི་ཚ་གདུང་དལ་གྱིས་ཡལ་གྱུར་ཞིང་། །
རླུང་བུའི་རྒྱུ་བར་བསིལ་ཤ་ལྷུང་བ་དང་། །
མེ་ཏོག་ཡལ་ཞིང་འབྲས་བུ་དུད་པ་སོགས། །
སྟོན་གྱི་རང་མདངས་ཕྱོགས་བཞི་ཀུན་ན་གསལ། །
དབྱར་གསུམ་ཆར་པས་ལེཊ་པར་བཀྲུས་གྱུར་པས། །
སྔོ་བསངས་མཁའ་ཡི་རྡུལ་ཀུན་རབ་ཏུ་དག །
སྟོན་གྱི་སྤྲིན་དང་ཟླ་བར་དཀར་མདངས་རྒྱས། །
ཕྱོཊ་བཞི་ཀུན་ལ་བདེ་བའི་དཔལ་གྱིས་བརྟས། །
བསིལ་འཇམ་རླུང་བུ་རྒྱུ་བའི་གོམ་ཁ་ལས། །
སྔོ་ལྗང་གཡུ་ལོ་རྒྱས་པའི་ནགས་ཚལ་དུ། །
སེར་ཤ་བབས་པའི་ལོ་མ་རེ་གཉིས་བྱུང་། །
ཚུལ་འདི་གསེར་ལྡན་མ་ཡི་གོམ་སྒྲ་ཡིན། །
སྟོན་གྱི་འབྲུ་དྲུག་བརྔ་བར་བྲེལ་བ་ཡི། །
སོ་ནམ་པ་རྣམས་སྟ་གོན་ལས་ལ་འཇུག །
རེ་བའི་དུས་བཟང་ཤར་ལ་ཉེ་བ་ཡིས། །
གསེར་མདོག་སྙེ་མའི་རླབས་ཀྱིས་ཡིད་སེམས་མགུ། །
ཁྲུང་ཁྲུང་ལྷོ་ལ་འཕུར་བའི་སྟ་གོན་གྱིས། །
གསེར་ལྡན་འཛིན་མའི་གཞི་ལ་དྲན་ཤིང་བཞག ། དུས་ཀྱི་འགྱུར་བའི་ཁྲོད་ཀྱི་ལོག་ཕེབས་ལས། །
སྨོན་པའི་ཡིད་ལ་རེ་བའི་འབྲས་བཟང་སྦྱིན། །
ལྗོན་ཤིང་གཡུ་ལོར་སེར་ཤ་ལྷུང་བ་དང་། །
མཛེས་ལྡན་མེ་ཏོག་འདབ་ལོ་ཐོར་བ་དང་། །
མཚར་སྡུག་འབྲས་བུ་སྨིན་ཞིང་དུད་པ་ནི། །
གསེར་ལྡན་དུས་ལ་སླེབས་པའི་དན་རྟཊ་ཉིད། །
འབྲེལ་ཡོད་གསར་འགྱུར།