དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • རྩོམ་མཁན་ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་གསར་པ་དཔར་དུ་བསྐྲུན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     རྩོམ་པ་པོ།  གནམ་ཕྱུག་རྒྱལ།   |     སྤེལ་དུས།  2026-09-11

    ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། བོད་ཀྱི་རྩོམ་མཁན་ཚེ་རིང་དོན་གྲུབ་ལགས་ཀྱི་སྒྲུང་རིང་གསར་པ《སྦྲུལ་ལོ》ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། དེ་ནི་ཁོང་གི་སྒྲུང་རིང《ང་ཡི་ཨ་ཕ་གཉིས》དཔར་འགྲེམས་བྱས་ནས་ལོ་བཅུ་སོང་བའི་རྗེས་སུ་བརྩམས་པ་ཞིག་ཡིན་ལ་ཡིག་འབྲུ་ཁྲི18ཙམ་ཟིན་པ་དང་། རྩོམ་མཁན་ཁོང་གི་སྒྲུང་རིང་ལྔ་པ་ཡིན་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། བརྩམས་སྒྲུང་འདིའི་བྱུང་རིམ་ཀྱག་ཀྱོག་ཆེ་ལ་ཡིད་འགུལ་ཐེབས་པ་དང་། མི་སྣའི་སྣང་བརྙན་གསར་བཞེངས་ཞིབ་ཚགས་ཆེ་ལ་གསོན་ཉམས་ལྡན་པ་རེད། སྐད་ཆའི་ཐད་ཁ་སྐད་དང་ཡིག་སྐད་ཀྱི་མཚོན་སྟོབས་ཟུང་འབྲེལ་གང་ལེགས་བྱས་ཏེ་ཞུན་བརྡར་བཙོ་སྦྱངས་བྱས་པ་གནད་དུ་ཁེལ་བས། བོད་ཡིག་གི་དེང་རབས་རྩོམ་རིག་གི་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ལ་མཚོན་ན།  སྒྱུ་རྩལ་གྱི་རང་མདངས་གསལ་བའི་རྩོམ་རིག་བརྩམས་ཆོས་ལེགས་པོ་ཞིག་ཏུ་གྱུར་ཡོད། དེ་སྔོན་ཁོང་གི་བརྩམས་ཆོས《ར་ལོ》དང《Dསྡེ་བའི་ཀླན་ཀ》སོགས་མང་པོ་ཞིག་ལྗོངས་ཞིང་ལྔའི་བོད་ཡིག་སློབ་དེབ་ཏུའང་བདམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།