《རྒྱུད་བཞི》དང་སྨན་ཐང་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་པ།
ཉེ་ཆར། 《རྒྱུད་བཞི》དང་སྨན་ཐང་ཞིབ་འཇུག་གི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་སྐབས་གཉིས་པ་ལྷ་སར་འཚོགས་ཤིང་། དབྱིན་ཇི་དང་འཇར་མན་སོགས་རྒྱལ་ཁབ་དང་དེ་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)མང་པོའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཁྱོན་200ལྷག་ཙམ་ཞུགས་ཡོད་པ་རེད།
ཚོགས་འདུར་བཞེད་དོན་གཙོ་བོའི་སྙན་ཞུ་དང་། ཆེད་དོན་བགྲོ་གླེང་། ཚོགས་ཆུང་གི་གླེང་མོལ་བྱེད་རེས་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས《རྒྱུད་བཞིའི》ལོ་རྒྱུས་ཀྱི་འཕོ་འགྱུར་དང་། སྨན་ཐང་གསོ་རིག་གི་པར་རིས་རིག་པའི་གསལ་འགྲེལ། བོད་ལུགས་གསོ་རིག་དང་བོད་སྨན་རྒྱལ་སྤྱི་ཅན་གྱི་ཐབས་ལམ་སོགས་ཀྱི་གྲོས་གཞིར་རིག་གཞུང་སྙན་ཞུ་ཕུལ་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《རྒྱུད་བཞི》ནི་བོད་ཀྱི་གསོ་བ་རིག་པའི་དབང་གྲགས་རང་བཞིན་དང་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་བརྩམས་ཆོས་ཤིག་ཡིན་པ་དང་། དེའི་འགྲེལ་པ《བཻཌཱུརྱ་སྔོན་པོ》ལས་བྱུང་བའི་སྨན་ཐང་འགེལ་རིས་80དེས་བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུཌ་དང་། ནད་བརྟག་སྨན་བཅོས་ལག་རྩལ། ནད་གཞི་སྔོན་འགོག་དང་ལུས་ཟུངས་གསོ་བ། སྨན་རྫས་སྦྱོར་སྡེ། སྨན་པའི་ཀུན་སྤྱོད་སོགས་ཕྱོགས་ཁག་ཚུད་ཡོད། 2023ལོར《རྒྱུད་བཞི》《འཛམ་གླིང་དྲན་ཤེས་མིང་མཛོད》ནང་བདེ་བླག་ངང་ཚུད་པ་དང་། “དུས་རབས་17པ་ནས་20པའི་བར་དུ་འབྲི་བཞེངས་མཛད་པའི་བོད་ལུགས་གསོ་རིག་གི་འགེལ་རིས—སྨན་ཐང”ཀྲུང་གོའི་ཚད་ལྡན་ཡིག་ཆའི་ཤུལ་བཞག་མིང་གཞུང་ཁག་ལྔ་པའི་ནང་ཚུད་པ་དེ་ཐོག་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་རིག་གཞུང་གི་རིན་ཐང་ལ་རྒྱལ་སྤྱིའི་ཁས་ལེན་རྒྱ་ཁྱབ་ཐོབ་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།