རེ་བའི་ཉི་མ་མྱུར་དུ་འཆར་ངེས།
སྤྱི་ཟླ་བརྒྱད་པའི་ཚེས་པ་ཉེར་དྲུག་ཉིན། །
རྒྱལ་ཡོངས་ཀུན་གྱི་རྣ་བའི་བུ་ག་རུ། །
མི་འདོད་གཏམ་ངན་ཡོངས་བསྒྲཊ་གསར་འགྱུར་ཞིག །
ཆ་འཕྲིན་དྲ་བའི་སྒང་ན་ཚ་འུར་ལངས། །
བལ་ཡུལ་ནེ་པ་ལ་ཡི་ཆུ་རུད་ཀྱིས། །
བོད་ལྗོངས་སྐྱིད་གྲོང་འགག་སྒོར་གནོད་འཚེ་བཟོས། །
མི་སྣ་མང་པོར་ཤི་རྨས་ཚབས་ཆེན་བྱུང་། །
སྐོར་ཞིག་གར་སོང་ཆ་མེད་འབྲེལ་ཐག་ཆད། །
གློ་བུར་ཐོན་པའི་རང་བྱུང་གོད་ཆག་ལ། །
ཡ་ང་སྙིང་རྗེ་སྤུ་ཙམ་མ་མཆིས་པས། །
སྤུན་ཟླ་མིང་སྲིང་ཚེ་སྲོག་མང་པོ་ཞིག །
ཁྱུར་མིད་གཏོང་བའི་གདུག་རྩུབ་ཛ་དྲག་ཆེ། །
སྐབས་འདིར་གོང་རིམ་ཏང་གི་གཙོ་འཛིན་དང་། །
མྱུར་སྐྱོབ་བཅིངས་འགྲོལ་དམག་སོཊ་རུ་ཁག་རྣམས། །
ཡུལ་དངོས་འབྱོར་ནས་བཀོད་འདོམས་གང་ལེཊ་ཀྱིས། །
ས་གནས་མང་ཚོགས་གནས་སྤོས་བདེ་ལ་བཀོད། །
འདི་ནི་འབྱུང་བ་ས་ཆུའི་བར་ཆད་ཀྱིས། །
འགྲོ་བ་མི་ལ་བཟོས་པའི་ཆག་སྒོ་འམ། །
ཡང་ན་བཟློག་མེད་སྐྱིད་སྡུག་ལས་དབང་དེ། །
རེས་མོས་འཁོར་ནས་གནས་འདིར་ཐོན་པ་འདྲ། །
ཉིན་དེར་སྐྱིད་གྲོང་རྫོང་གི་ཡུལ་མི་རྣམས། །
ཤི་གསོན་འཐབ་རྩོད་ཁྲོད་ན་སྙིང་རེ་རྗེ། །
གོད་ཆག་གནོད་འཚེའི་ཀློང་གི་ངུ་འབོད་ཀྱིས། །
དམར་ཆུང་སྲོག་ལ་བྲེལ་ཤ་གྲངས་མེད་སློང་། །
འོན་ཏེ་སེམས་པ་མ་སྐྱོ་སྐྱིད་གྲོང་ལགས། །
ཨམ་གཙིགས་བསྡམས་ནས་མགོ་བོ་ཡར་ལ་ཁྱོགས། །
ཁྱེད་ལ་རྒྱལ་ཡོངས་སྤུན་ཟླའི་ཕྱག་འཇུ་ཡོད། །
རིགས་གཅིག་མི་དམངས་ཁྱེད་དང་མཉམ་དུ་ཡོད། །
ལས་གནས་སོ་སོའི་དང་བླངས་དམག་དམངས་ཀྱིས། །
མཐུན་སྒྲིལ་སྟོབས་ཀྱི་རོགས་སྐྱོར་གང་མྱུར་གྱིས། །
ཁྱེད་རང་བརྩེ་མེད་འཆི་བདག་མཆེ་བར་ནས། །
ལན་གཅིག་འཕྲོག་པའི་སྦྱོར་བ་རྩོམ་ལ་བྲེལ། །
མི་འགྱངས་རྐྱེན་ངན་གྲོགས་ཀྱི་ཉི་གཞོན་དེ། །
བསྐྱར་བསྐྲུན་ཡུལ་གྲུ་གསར་པའི་མཁའ་ལམ་ནས། །
མ་འོངས་སྐྱིད་གྲོང་རྫོང་གི་སང་ཉིན་ལ། །
རེ་བའི་འོད་སྣང་མྱུར་དུ་འཆར་ངེས་ལགས། །
འབྲེལ་ཡོད་གསར་འགྱུར།