དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • སྐྱིད་གྲོང་རྒྱལ་གྱུར་ཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བཀྲ་ཤིས་རྒྱ་མཚོ།   |     སྤེལ་དུས།  2026-09-06

    དུས་རབས་གསར་པའི་དགའ་བདེའི་འཚོ་བ་ལ། །

    གནས་བཟོད་བདེ་པོས་ལོངས་སྤྱོད་བྱེད་པའི་དུས། །

    ཆུ་རུད་གནོད་འཚེར་སྙིང་རྗེ་མེད་པས་ན། །

    སྐྱིད་གྲོང་ཡུལ་ལ་མི་འདོད་ཆག་སྒོ་བསླངས། །


    འཇིག་རྟེན་སྐྱེ་འཆི་ཆོས་ཉིད་ཡིན་ནའང་། །

    གློ་བུར་རྐྱེན་གྱིས་མི་ཤི་རྟ་འགྱེལ་ལ། །

    སེམས་ནས་གདུང་བ་དྲག་པོ་རབ་སྐྱེས་ནས། །

    རྟག་ཏུ་རྐྱེན་ངན་གང་ལས་ཐར་བར་མཛོད། །


    འདས་པོ་སོགས་ཀྱི་ཁྱིམ་གྱི་ནང་མི་ལ། །

    རོགས་དང་སེམས་གསོའི་སྦྲང་ཆར་འཇོ་བ་དང་། །

    མུན་པའི་ཁྲི་ལམ་རིང་མོ་བརྒལ་གྱུར་ནས། །

    སྐྱིད་པའི་འོད་སྣང་དྲོན་མོ་འཕྲོ་བར་ཤོག །


    སེམས་ཀྱི་ཟབ་སར་གནས་པའི་སྐྱིད་གྲོང་གི །

    བཀོད་ལེགས་འཛུགས་སྐྲུན་མྱུར་དུ་བསྐྲུན་པ་དང་། །

    རྐྱེན་ངན་སྐད་ཅིག་ཉིད་དུ་བཟློག་གྱུར་ནས། །

    བག་ཕེབས་འཚོ་བར་གང་མགྱོགས་ལོག་ཐུབ་ཤོག །


    སྐྱིད་གྲོང་ཡུལ་གྱི་སྤུན་ཟླ་ཐམས་ཅད་ཀྱི། །

    གེགས་དང་བར་ཆད་ཐམས་ཅད་ཞི་བ་དང་། །

    ཕྱི་ནང་དཔལ་ཡོན་གང་ལེགས་འཕེལ་གྱུར་ནས། །

    གཡུལ་ས་དེ་ནས་སྤོབས་པས་རྒྱལ་གྱུར་ཅིག །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།