མེ་ཏོག་རྫོང་གིས་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བར་རམ་འདེགས་བྱས་པ།
ཉེ་ཆར་འབྲུག་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་རུ་ཁག་གིས་རང་འགུལ་ངང་རྫོང་རིམ་པའི་ལྷོ་པ་རིགས་ཀྱི་རོལ་ཆ་པིང་པང་གི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་རིང་མཚོ་མོ་དང་འབྲེལ་མཐུད་བྱས་ནས་འབྲུག་གྲོང་ཚོའི་བུ་བཅོལ་ཁང་དུ་བསྐྱོད་དེ་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་ཉམས་ལེན་གྱི་བྱེད་སྒོ་སྤེལ་ནས་ཐུན་མོང་མ་ཡིན་པའི་ལྷོ་པའི་སྲོལ་རྒྱུན་མངོན་མིན་རིག་གནས་ཤུལ་བཞག་ཕྲུ་གུ་ཚོར་རྒྱུས་ལོན་བྱེད་དུ་བཅུག་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་རིང་མཚོ་མོས་རོལ་ཆ་པིང་པང་གི་ལོ་རྒྱུས་འབྱུང་ཁུངས་དང་། དམངས་སྲོལ་ནང་དོན། སྒྲ་འདོན་སྟངས་བཅས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། རྒྱུ་ཆ་འདེམས་པ་དང་། ཤུར་ཁ་འདོན་པ། ཐག་པ་སྡོམ་པ། དམ་སྦྱར་བྱེད་པ་སོགས་ཀྱི་ལྟེ་བའི་བཟོ་རིམ་རེ་རེ་བཞིན་དབྱེ་བ་ཕྱེ་ནས་ཕྲུ་གུ་ཚོས་སྲོལ་རྒྱུན་རོལ་ཆའི་རིན་ཐང་དང་ཁྱད་ཆོས་ཤེས་རྟོགས་གསལ་པོ་ཐུབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།