པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་བསྔོ་སྨོན་གནང་བ།
ཟླ་8ཚེས་31ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲས་ལྷུན་དགོན་དུ་སྨོན་ལམ་འཚོགས་ཏེ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་ཆུ་རུད་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་བསྔོ་སྨོན་གནང་བ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ། བཀྲས་ལྷུན་དགོན་གྱི་ཚོགས་ཆེན་འདུ་ཁང་གི་རྣམ་པ་སྒམ་བརླིང་ལྡན་ཞིང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་དགེ་འདུན་འདུས་ཚོགས་དང་ལྷན་དུ་ཞལ་འདོན་གནང་སྟེ། རྐྱེན་ལམ་དུ་ཤོར་མཁན་ལ་འཕོ་བ་བསྔོ་སྨོན་གནང་བ་དང་། འདས་པོ་རྣམས་བདེ་བ་ཅན་དུ་སྐྱེ་བ་དང་། གསོན་པོར་གནས་པ་དག་སྡུག་བསྔལ་དང་བྲལ་བ། སྐྱེ་འགྲོ་ཐམས་ཅད་བདེ་བར་གནས་པའི་ཐུགས་སྨོན་གནང་བ་རེད།
སྨོན་ལམ་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འཚོགས་ཤིང་། བཀྲས་ལྷུན་དགོན་གྱི་དགེ་འདུན་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་200ལྷག་ཙམ་སྨོན་ལམ་ལ་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།