གཙང་གི་ཨོ་ལོའི་ཉམས་བཟང་།
ཀ་བ་བཞིན་དུ་བློ་བརྟན་འགྱུར་བ་མེད། །
ཁ་བ་བཞིན་དུ་བློ་སེམས་རབ་ཏུ་དཀར། །
ག་དུས་ཡིན་ཡང་རྒྱལ་གཅེས་ལས་བརྩོན་བཟང་། །
ང་རྒྱལ་ཁེངས་དྲེགས་མེད་པ་གཙང་གི་བུ། །
ཅ་དངོས་རྒྱུ་ནོར་བརྟན་སྲུང་ཁྱིམ་གཞིས་བསྐྱངས། །
ཆ་ལུགས་ཀུན་མཐུན་ཡ་རབས་ཀུན་སྤྱོད་བཟང་། །
ཇ་ཆང་བག་མེད་སྤྱོད་པར་མི་དགའ་དང་། །
ཉ་མོ་རྐྱལ་རྩལ་སྦྱོང་ལྟར་ལས་ལ་བརྩོན། །
ཏག་སེ་ཤོ་སྦག་མཱ་ཅང་རྒྱན་འཛུགས་དང་། །
ཐ་མ་ཁ་དང་ཆང་རག་རྒྱུན་དུ་སྤངས། །
རང་གི་མི་ཚེའི་རིན་ཐང་མངོན་འགྱུར་ཆེད། །
ན་སོ་ཆུང་དུས་འབད་མཁན་གཙང་གི་བུ། །
པ་ཕ་ཨ་མའི་བཀའ་དྲིན་ཚོར་བཞིན་དུ། །
ཕ་མ་ཡོད་དུས་སྲི་ཞུ་སྒྲུབ་པ་བཟང་། །
བ་གླང་ལ་སོགས་སེམས་ཅན་བྱམས་བརྩེས་བསྐྱངས། །
མ་འོངས་ཕུགས་འདུན་བཟང་བ་གཙང་གི་བུ། །
ཙག་ཙིག་བྱ་བ་ཆེ་ཆུང་སྣ་ཚོགས་སོགས། །
ཚ་གྲང་དཀའ་སྡུག་དབྱེ་མེད་འབད་པས་སྒྲུབ། །
ཛ་ལང་སྤྱོད་ངན་སྤངས་ཤིང་ཀུན་སྤྱོད་བཟང་། །
ཝ་ལྟར་མ་ཡིན་གཞུང་དྲང་གཙང་གི་བུ། །
ཞ་ལྐུགས་འོན་པ་ཡིན་ཡང་རང་གཤིས་སྲུང་། །
ཟ་ཟིར་མེད་ཅིང་རང་གཞན་དབྱེ་མེད་ཀྱིས། །
འ་ཅག་གཙང་གི་དཔལ་འབྱོར་འཕེལ་རྒྱས་ཆེད། །
ཡ་རབས་མིག་དཔེ་བཟང་པོ་གཙང་གི་བུ། །
ར་ལུག་ལ་སོགས་གསོ་སྤེལ་མཉམ་ལས་ལ། །
ལ་ལུང་གང་སར་སྐད་གྲགས་མེད་ན་ཡང་། །
ཤ་ཚ་ཆེན་པོས་དམངས་ཀྱི་བྱ་གཞག་ཆེད། །
ས་འོག་དཔུང་འཇུག་བྱེད་མཁན་གཙང་གི་བུ། །
ཧ་ཅང་འཕོ་འགྱུར་ཆེ་བའི་གཙང་ཁུལ་དུ། །
ཨ་མའི་ཨོ་ལོས་མིག་མཐོང་བྱས་རྗེས་བཞག །
ཧ་ལས་ཧང་སངས་གཙང་གི་ཡུལ་ནས་ཐོན། །
ཨ་ཙི་དཀའ་སྤྱད་ལས་བརྩོན་གཙང་གི་བུ། །
འབྲེལ་ཡོད་གསར་འགྱུར།