བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པར་བོད་ཀྱི་བྱིས་པའི་གསར་རྩོམ་རོལ་དབྱངས་ཟློས་གར་ཐོག་མ《ས་མཐོའི་སྟེང་གི་སྲོག་ཆགས》འཁྲབ་པ།
ཉེ་ཆར། བོད་ཀྱི་བྱིས་པའི་གསར་རྩོམ་རོལ་དབྱངས་ཟློས་གར་ཐོག་མ《ས་མཐོའི་སྟེང་གི་སྲོག་ཆགས》རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་ཟློས་གར་ཁང་དུ་འཁྲབ་ནས་ལྟད་མོ་བར་བོད་ཀྱི་རིག་གནས་ཀྱི་ཉམས་འགྱུར་དང་སྐྱེ་ཁམས་སློབ་གསོའི་དོན་སྙིང་ལྡན་པའི་མིག་ཡིད་རྣ་བའི་དགྱེས་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།
བརྩམས་ཆོས་དེའི་ནང་བོད་ཁུལ་གྱི་བརྩེ་སེམས་འདུས་ཡོད་ལ་ལྗོངས་ཕྱིའི་ཆེད་ལས་སྟོབས་ཤུགས་ཀྱི་མཉམ་ཤུགས་ཀྱང་འདུས་ཡོད། དེ་ནི་འཁྲབ་གཞུང་རྩོམ་མཁན་བདེ་སྐྱིད་གཡང་འཛོམས་ཀྱིས་རོལ་དབྱངས་ཟློས་གར་གསར་རྩོམ་ཚོད་ལྟ་བྱེད་ཐེངས་དང་པོ་རེད། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཕྲུ་གུ་ཚོ་དང་ས་ཆ་དེར་བརྩེ་སེམས་ཀྱིས་ཕྱུག་ལ་དོན་དངོས་དང་འཚམ་པའི་བྱིས་པའི་བརྩམས་ཆོས་ཤིག་གསར་རྩོམ་ཐུབ་རེ་ཆེན་པོ་བྱེད་ཀྱི་ཡོད། ད་ཐེངས་གསར་རྩོམ་གྱི་རིག་ཀློང་རྡོལ་ས་ནི་ཁྱིམ་ཚང་གི་འཚར་ལོངས་ཀྱི་དྲན་འཆར་དང་བོད་ཀྱི་རྒྱུན་གཏན་འཚོ་བ་ལས་བྱུང་བ་ཞིག་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་གཞུང་དེར་དེ་གོང་ཀྲུང་གོའི་ཟློས་གར་རྩོམ་རིག་སློབ་ཚོགས་ཀྱི“ཟློས་གར་ཀྲུང་གོ”ཞེས་པའི་2023ལོའི་ལོ་འཁོར་གྱི་བྱིས་པའི་ཟློས་གར་གྱི་ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་ཐོབ་མྱོང་ཡོད་པ་དང་། 2025ལོར་ཐེངས་དང་པོ་འཁྲབ་པ་རེད།
འབྲེལ་ཡོད་གསར་འགྱུར།