ཀྲེ་ཅང་གི་མཁས་དབང་ལྷ་ས་དང་ནག་ཆུར་བརྟག་ཞིབ་དང་རིག་རྩལ་རྩོམ་རྒྱུ་འཚོལ་བསྡུར་བསྐྱོད་པ།
ཉེ་ཆར། ཀྲེ་ཅང་གི་ཞིང་ཆེན་རིམ་པའི་རིག་གནས་གཙོ་གཉེར་སྡེ་ཚན་གྱི་ལས་སྒོའི་རྐང་འཛིན་པ་དང་། མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་། རིག་གནས་ཐོན་ཁུངས་སྲུང་སྐྱོང་སྒྲིག་གཞིའི་ཞིབ་འཇུག་པ་བཅས་དང་དེ་བཞིན་རིག་རྩལ་ལས་རིགས་ཀྱི་ཆེད་ལས་གསར་རྩོམ་སྟོབས་ཤུགས་ཞུགས་པའི“བོད་རང་སྐྱོང་ལྗོངས་ཀྱི་གྲངས་འཛིན་རིག་གནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་ཐད་ཀར་སྤྱོད་པའི་རྣམ་གྲངས”བརྟག་ཞིབ་བྱེད་སྒོ་ལྷ་ས་དང་ནག་ཆུར་སྔ་རྗེས་སུ་སྤེལ་ཞིང་། དེས་བོད་ཀྱི་ལོ་རྒྱུས་རིག་གནས་དང་། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན། དམངས་ཁྲོད་གླུ་གར་དང་བོད་སྐྱོར་གཏམ་རྒྱུད་བཅས་ལ་དམིགས་ནས། དུས་ཡུན་ཉིན་དྲུག་གི་བརྒྱུད་རིམ་ལྡན་པའི་བརྟག་ཞིབ་བྱས་ཏེ། གསོན་ཉམས་དོད་པའི་རིག་རྩལ་རྩོམ་རྒྱུ་འཚོལ་བསྡུ་བྱས་ནས་ཀྲེ་ཅང་དང་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། གྲངས་འཛིན་རིག་གནས་ཐོན་རྫས་སྤུས་ལེགས་མུ་མཐུད་གསར་རྩོམ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
རང་སྐྱོང་ལྗོངས་ཡིག་ཚགས་ཁང་ཆེད་ཉར་མཛོད་དུ་ལྟ་སྐོར་དང་བཞུགས་མོལ་བྱེད་སྒོ་སྤེལ་རིང་། བརྟག་ཞིབ་ཚོགས་པས་ལོ་རྒྱུས་ཡིག་ཚགས་གཞི་འཛིན་ས་དང་གཏམ་རྒྱུད་ངོ་མ་རྨང་གཞིར་བྱས་ཏེ། བོད་ཀྱི་བརྗོད་དོན་གཙོ་བོའི་གསར་རྩོམ་རིག་རྩལ་བརྩམས་ཆོས་ཀྱི་རིག་གནས་ནང་དོན་སྔར་བས་གསེད་བཀྲོལ་དང་ཕུན་སུམ་ཚོགས་སུ་བཏང་ནས། རིག་རྩལ་གསར་རྩོམ་དང་སྤྱི་ཚོགས་ཁྱབ་སྤེལ་ཁྲོད་ཡིག་ཚགས་ཐོན་ཁུངས་ཀྱི་གསར་གཏོད་དང་། ནུས་སྐྱེད། བེད་སྤྱོད་བཅས་འཚོལ་ཞིབ་བྱས་ཡོད། ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་ཚོགས་པས་འཆར་ཅན་རྟ་རྒྱུག་དུས་ཆེན་རིང་གི“གླིང་སྣེའི་ནག་ཆུ”སྲོལ་རྒྱུན་རྒྱན་གོས་འགྲེམས་སྟོན་དང་ནག་ཆུའི་རྩྭ་ཐང་རོལ་དབྱངས་འདུ་ཚོགས་སོགས་ཀྱི་བྱེད་སྒོར་དམིགས་ནས་རྩྭ་ཐང་གི་དམངས་སྲོལ་དང་། གླུ་གར་སྒྱུ་རྩལ། སྲོལ་རྒྱུན་རྒྱན་གོས་སོགས་རིག་གནས་ཀྱི་གཞི་རྒྱུ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཚོལ་བསྡུ་བྱས་པ་དང་འབྲེལ་དེའི་སྒྱུ་རྩལ་གྱི་རྣམ་པ་དང་། རྒྱུན་འཛིན་བྱས་ཚུལ། དེང་རབས་ཀྱི་མཚོན་ཚུལ་བཅས་ལ་དམིགས་ནས་ཆེད་དོན་བརྟག་ཞིབ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།