གསར་རྩོམ་ཚིག་རྒྱག་ཁག་གསུམ།
ནམ་མཁའི་དཀྱིལ་ནས་མ་ཕེབས། །
ཟླ་བས་བཀའ་བཀྱོན་གནང་ཡོང་། །
སོ་སོ་ཟུར་ནས་ཕེབས་དང་། །
མཇལ་འཕྲད་ཡོད་པ་ཞུས་ཆོག །
ཁམ་སྡོང་མཐོན་པོའི་རྩེ་ལ། །
རྡོ་ཡི་བང་ཆེན་མ་གཏོང་། །
ཤིང་བཟང་མཐོན་པོའི་འབྲས་བུ། །
སྨིན་ནས་ས་ལ་ཟགས་ཡོང་། །
ཁྱེད་ཐུགས་རལ་གྲིའི་ངོ་ལ། །
སྒྱུ་མའི་སྦྲང་རྩི་བྱུགས་ནས། །
བུ་ངའི་སྙིང་རྩ་གཅོད་པའི། །
ཐུགས་བསམ་བཞེས་ཀྱི་མེད་དམ། །
འབྲེལ་ཡོད་གསར་འགྱུར།