དུས་བཞིའི་སྙན་དབྱངས།
དཔྱིད་ཀ
དཔྱིད་ཀྱི་ཕོ་ཉས་གླུ་དབྱངས་བར་མེད་ལེན། །
སྦྲང་ཆར་ཟིལ་མས་སྔོ་ལྗང་འདོད་དགུ་འཇོ། །
ནམ་མཁའི་ནོར་བུས་འཛུམ་ཞལ་གྲོལ་བའི་ཚེ། །
གངས་རི་དག་ཀྱང་རྔུལ་ཆུ་ཁྲུམ་ཁྲུམ་བྱེད། །
དབྱར་ཁ།
དབྱར་རྔའི་སྒྲ་དབྱངས་མཁའ་མཐར་ཁྱབ་བཞིན་དུ། །
མདོངས་མཐའ་ཅན་རྣམས་མྱོས་པའི་བྲོ་གར་འཁྲབ། །
དེ་ལྟར་བསེར་བུའི་སྒྲ་དབྱངས་དང་བསྟུན་བཞིན། །
རྩི་ཤིང་མེ་ཏོག་དགའ་བའི་མགོ་ལྕོག་ལྡེམ། །
སྟོན་ཁ།
མཚན་མོ་རྒྱུ་སྐར་ཚོགས་ཀྱིས་ལྷ་ལམ་བརྒྱན། །
ཉིན་མོ་སྤྲིན་དཀར་ཚོམ་བུའི་ལང་ཚོ་མཛེས། །
བརྒྱ་བྱིན་བང་མཛོད་འཕོས་འདྲར་ས་གཞིའི་ངོར། །
གསེར་དག་མི་ཤོང་བརྩེགས་ནས་བཞག་པ་བཞིན། །
དགུན་ཁ།
སྐྱི་བསེར་མགྱོགས་འགྲོས་རྡུལ་རྣམས་དཀྲུགས་ཙ་ན། །
བྱེད་པོ་བ་མོས་ཁ་བའི་དཔུང་དམག་དྲངས། །
དེར་འཇིགས་དྭངས་གཙང་མཚོ་དང་ཆུ་ཕྲན་ཚོགས། །
ཆབ་རོམ་མལ་དུ་གབ་པའི་ཚུལ་ལ་བྲེལ། །
འབྲེལ་ཡོད་གསར་འགྱུར།