རིག་གནས་བྱེད་སྒོ་འཁྲུག་ཆ་དོད། ཀོག་ཧྥེའི་དྲི་ཞིམ་ཕྱོགས་བཞིར་འཐུལ།

རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་ལ་གཟིགས་ཆོག
དེང་རབས་ཀྱི་འཚོ་བ་ནི་སྣ་མང་ཕུན་སུམ་ཚོགས་ཤིང་། གྲ་རྒྱས་འཁྲུག་ཆ་དོད་པ་ཞིག་ལགས་ཏེ། མི་མང་པོ་སོས་དལ་བག་ཕེབས་ངང་ཇ་མངར་མོ་འཐུང་བར་མོས་པ་ནི་ང་ཚོའི་སྲོལ་རྒྱུན་ཡིན་ལ། ལྷིང་འཇགས་ཀྱི་ཀོག་ཧྥེ་ཁང་དུ་ཁུ་སིམ་མེར་ཀོག་ཧྥེ་ཕོར་པ་གང་གི་རོ་བཅུད་ལ་རོལ་བ་ཡང་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།
ཟླ་8ཚེས་7ནས་9ཉིན་བར། རྫོང་རྒྱབ་ཀླུ་ཁང་དུ་མཐོ་སྒང་ཀོག་ཧྥེའི་རིག་གནས་གཟའ་འཁོར་གཉེར་ཞིང་། ད་རེས་ནི་བོད་ལྗོངས་ཀྱི་ཀོག་ཧྥེའི་རིག་གནས་གཟའ་འཁོར་ཐེངས་ལྔ་པ་རེད།
དེའི་རིང་། ལྗོངས་ཕྱི་ནང་གི་ཀོག་ཧྥེ་སྣ་ཚོགས་ཀྱི་རོ་བཅུད་དང་། བཟོ་བཀོད་ཁྱད་དུ་འཕགས་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས། ཐུན་མིན་ཁྱད་ཆོས་མངའ་བའི་རིག་གནས་བསམ་བཀོད་ཀྱི་ཐོན་རྫས། མིག་ཡིད་རྣ་བའི་དགའ་སྟོན་དུ་གྱུར་པའི་རིག་རྩལ་འཁྲབ་སྟོན་སོགས་ཀྱིས། ཕྱོགས་བཞིའི་སྐྱེ་བོ་རྣམས་མ་བོས་གཅིག་ཏུ་འཛོམས་ལ། དུས་ཡུན་ཉིན་གསུམ་རིང་རིག་གནས་དུས་ཆེན་གང་དེའི་དོན་སྙིང་ཉམས་སུ་མྱངས།
འབྲེལ་ཡོད་གསར་འགྱུར།