“ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་པར་རིས་ཐོག་ནས་མངོན་པའི་མི་རིཌ་འབྲེལ་འདྲིས་ལོ་རྒྱུས”བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་ལྷ་སར་འགོ་ཚུགས་པ།
ཟླ་8ཚེས་10ཉིན། ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་ཁབ་སློབ་གླིང་ནུབ་རྒྱུད་ལོ་རྒྱུས་སྐད་ཡིག་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་གནས་ནང་དགོན་གནའ་དཔེ་ཁང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི“ཡོན་མིང་ཆིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་དཔེ་རྙིང་དང་པར་རིས་ཐོག་ནས་མངོན་པའི་མི་རིགས་འབྲེལ་འདྲིས་ལོ་རྒྱུས”བགྲོ་གླེང་ཚོགས་འདུ་སྐབས་བཞི་པ་ལྷ་སར་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། སྐབས་འདིའི་བགྲོ་གླེང་ཚོགས་འདུའི་དུས་ཡུན་ཉིན་གཉིས་ཡིན་ཞིང་། བརྗོད་དོན་གཙོ་བོའི་གཏམ་བཤད་དང་དེ་བཞིན་རྒྱ་ཡིག་དང་བོད་ཡིག་གི་ཆེད་དོན་ཚོགས་ར་བཙུགས་པ་དང་། ནང་དོན་ལ་བོད་ཡིག་གི་གནའ་དཔེ་རིག་ནུས་ཅན་གྱི་ལེགས་སྒྲིག་དང་། བོད་ཀྱི་ལྡེབས་རིས་གྲངས་འཛིན་ཅན་དུ་འགྱུར་བ། བོད་ཀྱི་ལོ་རྒྱུས་ཞིབ་འཇུག དེ་བཞིན་བོད་ཡིག་གི་བསྟན་བཅོས་དང་། ལོ་རྒྱུས་ཀྱི་ཡིག་ཆ། ས་བཀྲ། པར་རིས། རྡོ་རིང་ཡི་གེ སྐད་རིགས་མང་པོའི་ཟངས་ཡིག་སོགས་ཚུད་ཡོད་པ་མ་ཟད། རིག་གནས་ཤུལ་བཞག་ཞིབ་འཇུག་ཁྲོད་མི་ཐབས་རིག་ནུས་དང་ས་ཁམས་ཆ་འཕྲིན་ལག་རྩལ་སོགས་གྲངས་གཞི་ཅན་གྱི་བྱ་ཐབས་གསར་པ་སྤྱོད་པར་དོ་ཁུར་ཡང་བྱས་ཡོད། ཚོགས་ཞུགས་འཐུས་མི་ཚོས། བོད་ཡིག་དཔེ་རྙིང་དང་འབྲེལ་ཡོད་རིག་གནས་ཤུལ་བཞག་ནི་ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་གི་འཕེལ་རིམ་ལ་ཤེས་རྟོགས་བྱེད་པའི་དཔྱད་ཡིག་གལ་ཆེན་ཞིག་ཡིན་པས། མི་རིགས་ཁག་གིས་ཐུན་མོང་ཐོག་ཀྲུང་གོའི་ལོ་རྒྱུས་རྩོམ་པ་དང་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་མངོན་པར་ཕན་ཐོགས་ཡོད་པ་དང་། ཚོགས་འདུས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཆགས་པ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ་བཅས་ལ་ཕན་ཡོད་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།