《བོད་ལྗོངས་གནའ་དཔྱད་འཚོལ་ཞིབ་》ཞེས་པའི་བརྩམས་ཆོས་བོད་འགྱུར་མ་རྩོམ་སྒྲིག་བྱེད་པའི་མྱོང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུས།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་2026ལོའི་སྤྱི་ཟླ་7པའི་ཚེས་19ཉིན་ནས་ཚེས་22ཉིན་བར་བོད་དུ་བརྟག་ཞིབ་གནང་སྐབས་རིག་དངོས་གནའ་རྫས་ལས་དོན་སྐོར་ལ་གསུང་དོན།“བོད་ཀྱི་ལོ་རྒྱུས་ཚད་ལྡན་ཡིག་ཆ་དང་།གནའ་རྫས་རྟོག་ཞིབ་དངོས་རྫས།རིག་གནས་ཤུལ་བཞག་སོགས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་།མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་འཕེལ་རིམ་མངོན་པ།ཀྲུང་ཧྭའི་ཤེས་དཔལ་གྱི་འོད་སྟོང་འཕྲོ་བའི་རྣམ་པ་མངོན་པ་བཅས་བྱེད་དགོས།” ད་ཐེངས་གུས་པས་རང་ཉིད་མི་ལོ་བཅུ་གྲངས་ཙམ་གྱི་ལག་ལེན་མྱོང་བ་གཞིར་བཟུང་སྟེ།རྩོམ་སྒྲིག་པའི་འཁྲི་འགན་དང་རྩོམ་སྒྲིག་ཐབས་ལམ་བེད་སྤྱད་ནས་རིག་དངོས་དང་འབྲེལ་བའི་བརྩམས་ཆོས་《བོད་ལྗོངས་གནའ་དཔྱད་འཚོལ་ཞིབ་》ཅེས་པ་རྒྱ་ཡིག་གི་རིག་དངོས་དང་འབྲེལ་བའི་ཆེད་ལས་ཐ་སྙད་རྣམས་བོད་ཡིག་ཏུ་བསྒྱུར་རྒྱུ་ནི་ལས་དོན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།རིག་དངོས་ཐ་སྙད་སྒྱུར་ཐབས་ཐད་དུས་རྒྱུན་གྱི་བསམ་གཞིགས་དང་མྱོང་ཚོར་རགས་ཙམ་གླེང་བ།
དང་པོ།སྒྱུར་མཁན་གྱིས་རིག་དངོས་ཐ་སྙད་སྒྱུར་བའི་རྩ་དོན།
རིག་དངོས་ཀྱི་ཐ་སྙད་ནི་ལོ་རྒྱུས་དང་རིག་གནས་ཀྱི་བདེན་དཔང་ཡིན་པས།སྒྱུར་སྐབས་ཐོག་མར་གཤམ་གསལ་གྱི་རྩ་དོན་ཁག་ལ་བརྩི་སྲུང་བྱ་དགོས།
༡. ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན།
རིག་དངོས་ཀྱི་མིང་ནི་དེའི་དབྱིབས་དང་།བཟོ་ལྟ།བེད་སྤྱོད།དུས་རབས་བཅས་དང་འབྲེལ་བ་དམ་ཟབ་ཡོད།དཔེར་ན།རྒྱ་ཡིག་གི་「鬲」(lì) དང་「鼎」(dǐng) ལྟ་བུའི་ཆ་ཤས་རྣམས་བོད་ཡིག་ཏུ་བསྒྱུར་སྐབས།དེའི་དབྱིབས་ཀྱི་ཁྱད་ཆོས་གསལ་བཤད་བྱེད་དགོས་པ་ལས།ཐད་ཀར་ཚིག་སྦྱོར་ཙམ་གྱིས་མི་འགྲིགདེ་ནི་གནའ་དཔྱད་ཞིབ་འཇུག་གི་ཚན་རིག་རང་བཞིན་སྲུང་སྐྱོབ་བྱེད་པའི་རྨང་གཞི་ཡིན།
༢. རིག་གནས་ཀྱི་གོ་རྟོགས་དང་མཐུན་པ།
བོད་ཀྱི་རིག་གནས་ཁྲོད་དུ་ཡོད་པའི་རིག་དངོས་དང་འབྲེལ་བའི་ཐ་སྙད་རྣམས་བོད་ཀྱི་སྲོལ་རྒྱུན་ཐ་སྙད་དང་ཟུང་འབྲེལ་བྱ་དགོས།དཔེར་ན།ཆོས་ལུགས་ཀྱི་ཡོ་བྱད་དང་འབྲེལ་བའི་ཐ་སྙད་རྣམས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁྲོད་ཀྱི་མིང་ཚིག་བེད་སྤྱོད་བྱས་ན་ཀློག་པ་པོར་གོ་བདེ་བ་ཡིན།
གཉིས་པ།ཐ་སྙད་སྒྱུར་བའི་ཐབས་ལམ་གཙོ་བོ།
༡དོན་བསྒྱུར་གཙོ་བོར་འཛིན་པ།རྒྱ་ཡིག་གི་ཐ་སྙད་མང་པོ་ཞིག་ནི་དེའི་དབྱིབས་དང་བེད་སྤྱོད་ལ་གཞིགས་ནས་བཏགས་པ་ཡིན་པས།བོད་ཡིག་ཏུ་བསྒྱུར་སྐབས་དེའི་དོན་གྱི་ཆ་ནས་བསྒྱུར་ན་ལེགས།དཔེར་ན།「陶器」(རྫ་ཆས།) དང་「青铜器」(ཟངས་ཆས།) ལྟ་བུ་ནི་དོན་བསྒྱུར་གྱི་ཐབས་ལམ་ཡིན།
༢སྒྲ་བསྒྱུར་དང་དོན་བསྒྱུར་ཟུང་འབྲེལ།གལ་ཏེ་བོད་ཡིག་ཏུ་དེ་དང་མཚུངས་པའི་ཐ་སྙད་མེད་ཚེ།སྒྲ་བསྒྱུར་བྱས་རྗེས་དེའི་འགྲེལ་བཤད་མདོར་བསྡུས་ཤིག་འགོད་དགོས།འདི་ནི་རིག་དངོས་ཀྱི་མིང་ཚིག་གསར་པ་ངོ་སྤྲོད་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན།
༣རང་སོར་འཇོག་པའི་རིགས།ཁ་ཤས་ནི་ལོ་རྒྱུས་ཀྱི་དུས་སྐབས་ངེས་ཅན་དང་རྒྱུན་སྤྱོད་འཚོ་བའི་ཡོ་བྱད་ཞིག་གི་ཐ་སྙད་ཡིན་པས།དེ་དག་བསྒྱུར་མི་དགོས་པར་རང་སོར་བཞག་ནས་མཆན་འགྲེལ་བཀོད་ན་འོས་ཤིང་འཚམས།
གསུམ་པ།སྒྱུར་སྐབས་ཡིད་གཟབ་བྱ་དགོས་པའི་གནད་དོན།
༡ཐ་སྙད་ཀྱི་གཅིག་གྱུར་རང་བཞིན།དཔེ་དེབ་གཅིག་གི་ནང་དུ་ཐ་སྙད་གཅིག་ལ་འབྲི་སྟངས་མི་འདྲ་བ་མང་པོ་མི་འབྱུང་བ་བྱ་དགོས།དེའི་ཆེད་དུ་རྩོམ་སྒྲིག་གི་ཐོག་མར་ཐ་སྙད་ཀྱི་རེའུ་མིག་བཟོ་རྒྱུ་ནི་ཧ་ཅང་གལ་ཆེ།
༢ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་དགོས།རིག་དངོས་ནི་ལོ་རྒྱུས་ཀྱི་དུས་རབས་དང་འབྲེལ་བ་ཡོད་པས།སྒྱུར་མཁན་གྱིས་ངེས་པར་དུ་རྒྱ་ཡིག་གི་རིག་དངོས་དེ་གང་གི་དུས་རབས་ཡིན་པ་དང་།དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཅི་ཡིན་ལ་ཞིབ་འཇུག་བྱ་དགོས།དེ་མིན་ན་ནོར་འཁྲུལ་ཆེན་པོ་འབྱུང་སྲིད།
༣ཆེད་ལས་མི་སྣའི་བསམ་འཆར་བསྡུ་ལེན།རིག་དངོས་སྒྱུར་བ་ནི་ཆེད་ལས་ཀྱི་ལས་ཀ་ཞིག་ཡིན་པས།སྒྱུར་ཟིན་པའི་ཐ་སྙད་རྣམས་གནའ་དཔྱད་ཞིབ་འཇུག་པ་དང་།ལོ་རྒྱུས་སྨྲ་བ་རྣམས་ལ་བསྟན་ནས་བསྐྱར་ཞིབ་བྱེད་དུ་འཇུག་དགོས།
བཞི་པ།ཡིག་སྒྱུར་གྱི་བསམ་པའི་ཀུན་སློང་ཡག་པོ་ཞིག་དགོས།
ཡིག་སྒྱུར་གྱི་བྱ་བ་ནི་ཆེས་གལ་འགངས་ཆེ་བ་དང་དོན་སྙིང་ཟབ་མོ་ལྡན་པ་ཞིག་ཡིན་པ་ནི་ཨ་ཅང་བརྗོད་མེད་རེད།འགན་འཁྲི་ཡག་པོ་འཁུར་བ་དང་ལས་འགན་ཡག་པོ་སྒྲུབ་ཐུབ་མཁན་གྱི་ཡིག་སྒྱུར་བ་ཞིག་ལ་ཆ་མཚོན་ན།མ་རྩོམ་ལ་བསྟུན་དགོས་པ་དང་།སྒྱུར་རྩོམ་ལ་འགན་ཡག་པོ་འཁུར་དགོས་པ།མ་ཡིག་གི་རྩོམ་པ་པོ་དང་འགྱུར་ཡིག་གི་ཀློག་པ་པོར་འགན་ཡག་པོ་འཁུར་དགོས་པ་ཕུད།ད་དུང་རང་གནས་སའི་སྤྱི་ཚོགས་དེར་ཡང་འགན་ཡག་པོ་འཁུར་དགོས།དེ་ཡང་།སྤྱི་ཚོགས་ལ་འགན་ཡག་པོ་འཁུར་དགོས་ན་ཐོག་མར་རང་ཉིད་ཀྱིས་སྒྱུར་བྱེད་ཀྱི་རྩོམ་ཡིག་ལ་འགན་ཡག་པོ་འཁུར་དགོས།ད་དུང་རང་ཉིད་ཀྱིས་བསྒྱུར་བའི་བརྩམས་ཆོས་དེས་འགྱུར་ཡིག་ཀློག་པ་པོའི་ཡིད་དབང་འགུག་ཐུབ་མིན་དང་རྩོམ་ལུས་དེ་རིགས་ཀྱིས་ཡིག་སྒྱུར་ཁྱབ་ཁོངས་སུ་གནས་བབ་གང་འདྲ་བཟུང་ཡོད་མེད་ལ་ཐོག་མཐའ་བར་གསུམ་དུ་སྣང་འཇོག་བྱེད་དགོས།
མཇུག་བསྡུ་བ།
《བོད་ལྗོངས་གནའ་དཔྱད་འཚོལ་ཞིབ་》ལྟ་བུའི་དཔེ་དེབ་རྩོམ་སྒྲིག་བྱེད་པ་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་དོན་གལ་ཆེན་ཞིག་ཡིན།རིག་དངོས་ཐ་སྙད་སྒྱུར་བ་ནི་སྒྱུར་མཁན་གྱི་སྐད་ཡིག་གི་ཆུ་ཚད་ཙམ་མ་ཡིན་པར།ལོ་རྒྱུས་དང་རིག་གནས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་དགོས་པ་དེ་ཡིན།ང་ཚོས་ལས་དོན་འདིའི་ཁྲོད་དུ་ནན་ཏན་གྱི་སྒོ་ནས་ཐ་སྙད་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ།བོད་ཀྱི་རིག་གནས་ཞིབ་འཇུག་ལ་མཁོ་བའི་ཚད་ལྡན་གྱི་ཐ་སྙད་མ་ལག་ཅིག་འཛུགས་ཐུབ་པར་འབད་བརྩོན་བྱ་དགོས།མདོར་ན།རིག་དངོས་ཐ་སྙད་སྒྱུར་བ་ནི་རིག་གནས་བརྗེ་རེས་ཀྱི་ཟམ་པ་ཞིག་ཡིན་པས།ང་ཚོས་སྤྲོ་སེམས་དང་འགན་འཁྲི་འཁུར་བའི་སྒོ་ནས་ལས་དོན་འདི་ལེགས་པར་བསྒྲུབ་རྒྱུ་ནི་དུས་རབས་ཀྱི་དགོས་མཁོ་ཡིན་ལ།རང་རེའི་རིག་གནས་ཀྱི་གཟི་བརྗིད་ཀྱང་ཡིན།
འབྲེལ་ཡོད་གསར་འགྱུར།