གཡུ་ཐོག་ཟམ་པའི་སྒང་གི་བྱམས་པ།
གཡུ་ཐོག་ཟམ་པའི་སྒང་ནས། །
ལས་ཀྱིས་འཕྲད་པའི་བྱམས་པ། །
ཞལ་རས་འཛུམ་དཀར་ཟླ་བ། །
དེ་འདྲའི་ཡིད་ལ་འཐད་པ། །
བཅོས་མིན་རང་བཞིན་འཇམ་ལ། །
སོ་དཀར་འཛུམ་གྱིས་ཕྱུག་པ། །
ཡིད་འོང་དགའ་བའི་སྨན་ཆུང་། །
ཟམ་པས་བདག་ལ་གནང་བྱུང་། །
གཡུ་ཐོག་ཟམ་པའི་འོག་གི །
དྭངས་གཙང་ཆུ་མོ་འདྲ་བའི། །
འུ་གཉིས་ལས་མཐུན་བརྩེ་བ། །
ཟམ་འོག་ཆུ་ལས་དྭངས་བ། །
ཟམ་ཆེན་རྒྱུད་ནས་ཕེབས་མཁན། །
དེ་འདྲའི་མི་ཚོགས་མང་ཡང་། །
རང་སེམས་མཛའ་བའི་མི་དེ། །
ཁྱོད་ཉིད་གཅིག་པུ་ཡིན་འདུག །
ཟམ་པའི་སྒང་དུ་བསྡད་ནས། །
ཁྱོད་དང་ཁ་བརྡ་བྱས་ཡོད། །
ཟམ་པའི་ཞོལ་ལ་སླེབས་དུས། །
ཁྱོད་རང་དྲན་འགོ་ཚུགས་སོང་། །
གཡུ་ཐོག་ཟམ་པའི་ཞོལ་ནས། །
རེ་བའི་འདུན་མ་བཅོལ་ཡོད། །
བྱམས་པའི་བརྩེ་བ་དྲན་བཞིན། །
ཟམ་པའི་སྣེ་ལ་བསྡད་ཡོད། །
གཡུ་ཐོག་ཟམ་པའི་ལྕགས་རི། །
རྙིང་ནས་ཞིག་ཐབས་མེད་ན། །
ང་དང་བྱམས་པའི་དུང་སེམས། །
ཚེ་འདིར་རྫོགས་མཐའ་མི་འདུག །
འབྲེལ་ཡོད་གསར་འགྱུར།