དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ཚེ་རིང་ཐར་ལྷོ་ཁ་གྲོང་ཁྱེར་དུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-08

    ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་ཐར་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དང་། གོང་དཀར་རྫོང་། སྣེ་གདོང་ཆུས་བཅས་སུ་ཕེབས་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་དང་། དགོན་སྡེ་དོ་དམ་ཨུ་ལྷན་འཛུགས་སྐྱོང་། དགོན་སྡེའི་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། དགོན་སྡེའི་གྲྭ་བཙུན་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    ཚེ་རིང་ཐར་གྱིས་སྔ་རྗེས་སུ་རྡོ་རྗེ་བྲག་དགོན་དང་། སྨིན་གྲོལ་གླིང་དགོན། ཡུམ་བུ་བླ་མཁར། ཁྲ་འབྲུག་དགོན། བསམ་ཡས་དགོན་སོགས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཕེབས་ནས། དགོན་སྡེའི་གྲྭ་བཙུན་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་སྤེལ་རེས་ཟབ་མོ་གནང་སྟེ་དགོན་སྡེ་དོ་དམ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། རིག་དངོས་སྲུང་སྐྱོང་། མེ་ཟོན་བདེ་འཇགས་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་དང་། ལས་དོན་ཁག་སྤེལ་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཚེ་རིང་ཐར་གྱིས། དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། ཆོས་ལུགས་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་བ་བཅས་བྱས་ནས། ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། མེ་ཟོན་བདེ་འཇགས་ཀྱི་ཕུགས་ཕན་དོ་དམ་ཚོད་འཛིན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། རིགས་ཁག་གི་མེ་ཟོན་འཕྲལ་སྡོམ་དངོས་ཟོག་སྤྲོད་པ་དང་ཁ་གསབ་བྱེད་པ། རྟག་ཏུ་བློ་བཟོད་མི་བདེ་བའི་འགན་འཁྲི་ཁུར་སེམས་རྒྱུན་འཁྱོངས། དགོན་སྡེའི་བདེ་འཇགས་འགོག་ཟོན་གྱི་ལས་དོན་ཁག་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བཅས་བྱས་ནས་དགོན་སྡེའི་རིག་དངོས་དང་མི་ལུས་བདེ་འཇགས་ཀྱི་མཐའ་ཚད་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།