དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ལྷ་མོའི་བརྩམས་ཆོས་5ལ་སྐབས་30པའི“དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་བྱ་དགའ”ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཟླ་8ཚེས་5ཉིན་གསར་འགོད་པར་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། “ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་ལྷན་འཛོམས”ཀྱི་རྒྱལ་ཡོངས་ཀྱི་ཡུལ་དངོས་འགྲེམས་འཁྲབ་སྐབས་30པའི་ཐོག རང་ལྗོངས་ཀྱི་ལོ་ཆུང་བྱིས་པའི་ལྷ་མོའི་བརྩམས་ཆོས་5མིང་ཐོའི་ནང་ཚུད་ནས། དུས་ཐེངས་གཅིག་ལ་མི་སྒེར་གྱི“དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་བྱ་དགའ”4དང་། དེ་བཞིན“དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་མཉམ་སྡེབ་ལེ་ཚན་གྱི་བྱ་དགའ”1རག་ནས། བོད་ཀྱིས་འགྲན་བསྡུར་ནང་ཞུགས་ཚུན་གྱི་གྲུབ་འབྲས་རྩེ་གྲ་བཏོད་ཡོད།

    ད་རེས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ཀྱིས་ལས་ཞོར་གྱི་མི་སྒེར་གྱི་ལྷ་མོའི་ལེ་ཚན་9དང་། ལས་ཞོར་གྱི་མཉམ་སྡེབ་ལྷ་མོའི་ལེ་ཚན་2རྒྱལ་ཡོངས་ཀྱི་གདམ་གསེས་ནང་འབུལ་རྒྱུར་འདེམས་སྒྲུག་བྱས་ཡོད། སྒྲིག་འཛུགས་ཨུ་ལྷན་གྱིས་རིམ་པ་བཞིན་དཔྱད་ཞིབ་བྱས་པ་བརྒྱུད། མཐར་མི་སྒེར་གྱི་ལེ་ཚན་4དང་མཉམ་སྡེབ་ཀྱི་ལེ་ཚན་1བདེ་བླག་ངང་ཚུད་ནས་ཧྲང་ཧའེ་ཡི་ལས་ཞོར་ཚོགས་ཆུང་གི་རྒྱལ་ཡོངས་ཀྱི་ས་གནས་ས་ཐོག་གི་འགྲེམས་འཁྲབ་ནང་ཚུད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཀྲུང་གོའི་ལོ་ཆུང་བྱིས་པའི་ཟློས་གར་གྱི་དཔྱིད་འགོའི་མེ་ཏོག་ཆུང་ཆུང་གི་ལྷན་འཛོམས”དེ་ཀྲུང་གོ་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། རྒྱལ་ནང་དུ་གཞི་ཁྱོན་ཆེ་ཤེས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་བྱིས་པའི་ཟློས་གར་སྤུས་རྟགས་ཀྱི་འགྲན་བསྡུར་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།