དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དུས་བཞིའི་མཚར་སྡུག

    སྙན་རྐང་གླིང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-02

    དབྱར།

    མཚར་སྡུག་ཡིད་འོང་རྩྭ་ཐང་ཡངས་མོ་རུ། །

    དཀར་དམར་མེ་ཏོག་མགོ་ལྕོག་རླུང་གིས་ལྡེམ། །

    གཡུ་སྦྲང་གེ་སར་འཐུ་བཞིན་སྟངས་སྟབས་སྒྱུར། །

    སྐྱིད་པའི་དབྱར་གྱི་དཔལ་མོ་གང་ལས་མཛེས། །

    དགུན།

    འདབ་ལྡན་ཁ་བ་གངས་རིའི་ལྗོངས་སུ་འཐོར། །

    མཛེས་པའི་ནོར་འཛིན་ལྭ་བ་དཀར་པོས་བཀླུབས། །

    དྭངས་གཙང་མཚོ་མོ་གཡང་ཊིས་མཛེས་པར་བརྒྱན། །

    མཐོ་སྒང་དགུན་ལྗོངས་སྐྱེ་འགྲོའི་མིག་གི་གསོས། །

    སྟོན།

    ལུས་ཟུངས་སྟོབས་ཀྱིས་རྒྱས་པའི་རྔ་ཡབ་ཅན། །

    ལེགས་འབྲས་ཞིང་བཟང་སྨིན་ནས་བླ་བྲེ་འཕྱང་། །

    བྱ་བྱེའུ་གཤོག་སྒྲོ་སྦྲེལ་བཞིན་སྐད་སྙན་འདོན། །

    འབྲས་ལྡན་སྟོན་དུས་ལོ་ལེགས་དུས་བཟང་སྐྱིད། །

    དཔྱིད།

    སྐྱེ་དངོས་ཕུན་ཚོགས་མགོ་བོ་དལ་གྱིས་འབུས། །

    ཡུལ་ཁམས་ཉི་གཞོན་གསར་པའི་འཛུམ་བག་གྲོལ། །

    རབ་མཛེས་དཔྱིད་དཔལ་ལང་ཚོ་གསོན་ཤུཊ་ཆེ། །

    དཔྱིད་དཔལ་སྒེག་མོ་རེ་བའི་འབྱུང་ཁུངས་ཉིད། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།