དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-27

    ཚེས་23ཉིན། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེ་ཚན་གསར་པ་རྩོམ་དགོས”ཞེས་པའི་རིམ་སྤེལ་གྱི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་ཐེངས་གཉིས་པའི་ཐོག་བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས་འཛུགས་སྐྲུན་གཉེར་སྐྱོང་བྱེད་རིང་གི་ཉམས་མྱོང་དང་གྲུབ་འབྲས་ཕྱོགས་ཡོངས་ནས་མཉམ་སྤྱོད་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་ལ་བསྡོམས་མ་དངུལ་སྒོར་དུང་ཕྱུར་5.5བཏང་བ་དང་ཨར་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3.3ཟིན་པ་དེ་ནི་ཨར་འདམ་བཟོ་གྲྭ་རྙིང་པ་སྒྱུར་བཀོད་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དེས“ཧི་མ་ལ་ཡའི་ལྡེ་མིག”གི་ཇུས་འགོད་འདུ་ཤེས་ལ་བརྟེན་ནས་2023ལོའི་ཟླ་11པར་མཛེས་རྩལ་བཤམས་མཛོད་ཁང་དེ་སྒོ་ཕྱེ་བ་རེད། ལོ་གཉིས་ལྷག་ཙམ་རིང་། བོད་ལྗོངས་མཛེས་རྩལ་བཤམས་མཛོད་ཁང་གིས་གྲུབ་འབྲས་ཀྱི་གསལ་ཐོ་གཡུར་དུ་ཟ་བ་ཕུལ་བ་སྟེ། རིམ་རྩིས་བརྒྱབ་ན་ལྟད་མོ་བ་མི་ཐེངས་ཁྲི་20ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། འགྲེམས་སྟོན་ཆེ་གྲས་60ལྷག་ཙམ་གཉེར་བ། འགྲེམས་རྫས་རྩེ་གྲ་600ཙམ་ཉར་ཚགས་བྱས་པ། ཨར་སྐྲུན་ལ་འཛམ་གླིང་གི་གྲུབ་ཆའི་བྱ་དགའ་ཆེན་པོ་དང་ཨེ་ཤེ་ཡའི་བཟོ་སྐྲུན་ཆེ་མོ་བའི་མཐུན་ཚོགས་ཀྱི་ཨར་སྐྲུན་བྱ་དགའི་གསེར་གྱི་བྱ་དགའ་ཐོབ་པ། འགྲེམས་སྟོན་རྣམ་གྲངས་རིག་གནས་དང་ཡུལ་སྐོར་པུའི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་རྣམ་གྲངས་མང་པོའི་ནང་ཚུད་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།