དབུ་ཤོག>བོད་ཀྱི་རིག་གནས།>གསར་འགྱུར་ལྟེ་གནས།
  • བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིབ་འཇུག་གླིང་གིས་མི་རིགས་རིག་པའི་རིག་ཚན་འཛུགས་སྐྱོང་གི་མུ་འབྲེལ་འཆད་ཁྲིད་སོ་གསུམ་པ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  ​གསར་འགོད་པ། གནམ་ཕྱུག་རྒྱལ།    |     སྤེལ་དུས།  2026-07-14

     ཉེ་ཆར། བོད་ལྗོངས་སློབ་གྲྭ་ཆེན་མོའི་རྔ་ཆེན་སློབ་ཁུལ་གྱི་ཇོ་མོ་གླང་མ་ཞིབ་འཇུག་གླིང་གི་ཐོག་སོ2པའི་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་སློབ་གྲྭ་དེ་གའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིབ་འཇུག་གླིང་གིས་གཙོ་གཉེར་བྱས་པ་དང་ཇོ་མོ་གླང་མ་ཞིབ་འཇུག་གླིང་གིས་གཉེར་རོགས་བྱས་པའི་མི་རིགས་རིག་པའི་རིག་ཚན་འཛུགས་སྐྱོང་གི་མུ་འབྲེལ་འཆད་ཁྲིད་སོ་གསུམ་པ་གཟབ་རྒྱས་ངང་བྱས་པ་རེད།

    ད་རེས་ཀྱི་བྱེད་སྒོར། གདན་ཞུས་ལྟར་སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་དཔོན་ལི་ཡུང་ཤན་གྱིས《ས་མཐོའི་མཐོང་གཡེལ་འོག་གི་ཆུ་བོ་སིནྡྷུའི་སྟོད་རྒྱུད་ཀྱི་གནའ་དཔྱད》ཅེས་པའི་འཆད་ཁྲིད་གནང་ཞིང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་དང་གནའ་དཔྱད་རིག་པའི་འབུམ་རམས་པ་ཤ་བོ་མཁའ་བྱམས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཆད་ཁྲིད་དེ་བརྒྱུད། འབྲེལ་ཡོད་ཀྱི་རིག་ཚན་སྐོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་དགེ་རྒན་དང་སློབ་མ་རྣམས་ལ་བོད་ཀྱི་གནའ་དཔྱད་ཐད་ཀྱི་གསར་རྙེད་དང་། རྒྱུ་ཆ། ཞིབ་འཇུག་བཅས་ཀྱི་གནས་སྟངས་ལ་ཤེས་རྟོགས་ཟབ་མོ་བྱུང་བ་མ་ཟད། མཚོ་བོད་ས་མཐོའི་ཡུལ་ལུང་གི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གནས་སྟངས་ལའང་རྒྱུས་མངའ་ཐུབ་ཡོད་པ་རེད།

    འཆད་ཁྲིད་མཇུག་འགྲིལ་རྗེས་ཀྱི་དྲི་བ་དྲིས་ལན་གྱི་གོ་རིམ་དུ། ས་ཡུལ་དངོས་ཀྱི་ཉན་མཁན་དག་གིས་འབྲེལ་ཡོད་ཀྱི་རིག་གཞུང་གནད་དོན་སྐོར་ལ་སྤྲོ་སེམས་ཆེན་པོས་དྲི་བ་བཏོན་པ་དང་། དགེ་རྒན་ཆེན་མོ་ལི་ཡུང་ཤན་གྱིས་དྲི་བར་རེ་རེ་བཞིན་ལན་གསལ་པོ་བཏབ་ཅིང་། དེར་འདུས་པའི་ཉན་མཁན་ཡོངས་ལ་བོད་ཀྱི་གནད་དཔྱད་སྐོར་གྱི་ངོ་མཚར་ཡིད་འཕྲོག་གི་ཆ་ལ་ངོས་འཛིན་སྔར་བས་གསལ་པོ་བྱུང་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།