དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོའི་མཉམ་འབྲེལ་འགྲེམས་སྟོན་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-11

    འདི་ནི“རི་ཀླུང་མཉམ་འདྲེས། ཁྲོན་བོད་མཉམ་རོལ”གྱི་སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་མཉམ་འབྲེལ་འགྲེམས་སྟོན་གྱི་བརྩམས་ཆོས་ཡིན་པ།

    འདི་ནི“རི་ཀླུང་མཉམ་འདྲེས། ཁྲོན་བོད་མཉམ་རོལ”གྱི་སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་མཉམ་འབྲེལ་འགྲེམས་སྟོན་གྱི་བརྩམས་ཆོས་ཡིན་པ།

    འདི་ནི“རི་ཀླུང་མཉམ་འདྲེས། ཁྲོན་བོད་མཉམ་རོལ”གྱི་སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་མཉམ་འབྲེལ་འགྲེམས་སྟོན་གྱི་ཟུར་ཞིག་ཡིན་པ།

    ཉེ་ཆར། བོད་ལྗོངས་སྣུམ་ཚོན་རི་མོའི་སློབ་ཚོགས་དང་སི་ཁྲོན་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱིས་མཉམ་དུ་གཉེར་བའི“རི་ཀླུང་མཉམ་འདྲེས། ཁྲོན་བོད་མཉམ་རོལ”ཞེས་པའི་སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་འགོ་ཚུགས་པ་རེད། འགྲེམས་སྟོན་དེ་ནི་ལོ་གཉིས་གོང་ཁྲེང་ཏུའུ་ཧྥུའུ་པའོ་མཛེས་རྩལ་ཁང་དུ་གཉེར་རྗེས་བོད་དུ་གཉེར་ཐེངས་དང་པོ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ལ་སི་ཁྲོན་དང་བོད་ལྗོངས་ཀྱི་སྣུམ་ཚོན་རི་མོ་མཁས་ཅན་70ལྷག་ཙམ་གྱི་བརྩམས་ཆོས་རྩེ་གྲས་བརྒྱ་ཡོད་ཅིང་། བརྩམས་ཆོས་དེ་དག་གི་བརྗོད་བྱ་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པའི་ཁར། རི་མོ་བས་སྣུམ་ཚོན་གཞི་མར་བྱས་ཏེ་སི་ཁྲོན་དང་བོད་ལྗོངས་ཀྱི་རང་བྱུང་ཡུལ་ལྗོངས་དང་། མི་རིགས་ཀྱི་ཡུལ་སྲོལ། དུས་རབས་ཀྱི་འགྱུར་ལྡོག་སོགས་རི་མོར་ཕབ་ནས་རིག་གནས་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་ཀྱི་འབྲེལ་ཟམ་བཙུགས་ཡོད།

    འགྲེམས་ཁང་དུ། ཁྱད་ཆོས་མི་འདྲ་བའི་རི་མོའི་བརྩམས་ཆོས་ཀྱིས་ལྟ་མཁན་མང་པོའི་ཡིད་དབང་བཀུག་ཡོད་ཅིང་། “སི་ཁྲོན་དང་བོད་ལྗོངས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་ནང་བོད་ཀྱི་རི་མོ་མཁས་ཅན་གྱི་སྨྱུག་རྩལ་གཤོགས་ཆེ་ཞིང་སྣང་བརྙན་རིས་གཟུགས་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་འདུག ང་རང་ལ་མཚོན་ན། འདི་ནི་སློབ་སྦྱོང་བྱེད་པའི་གོ་སྐབས་རྩ་ཆེན་ཞིག་ཡིན”ཞེས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་སྣུམ་ཚོན་རི་མོའི་ཆེད་ལས་ཀྱི་ཞིབ་འཇུག་སློབ་མ་ཝང་ལིན་གྱིས་བཤད།

    བོད་ལྗོངས་སྣུམ་ཚོན་རི་མོའི་སློབ་ཚོགས་ཀྱི་ཀྲུའུ་ཞི་དང་རིམ་པ་དང་པོའི་རི་མོའི་སློབ་དཔོན་སྐལ་བཟང་ཚེ་རིང་གིས། ད་ཐེངས་ཀྱི་མཉམ་འབྲེལ་འགྲེམས་སྟོན་ནི་ཉེ་བའི་ལོ་ཤས་རིང་ཁྲོན་བོད་སྣུམ་ཚོན་རི་མོའི་ཁྱབ་ཁོངས་སུ་ཚད་གཞི་མཐོ་བའི་སྒྱུ་རྩལ་གྱི་སྤེལ་རེས་འདུ་ཚོགས་གཟབ་རྒྱས་ཤིག་རེད་ལ། ཁྲོན་བོད་རིག་གནས་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་བྱེད་པའི་ལག་ལེན་གསོན་ཉམས་དོད་པོ་ཞིག་ཀྱང་རེད། འགྲེམས་སྟོན་འདིས་ས་གནས་གཉིས་པོའི་སྒྱུ་རྩལ་མཁས་ཅན་ལ་དགེ་ལེན་སྐྱོན་སེལ་དང་བརྩམས་ཆོས་ཀྱི་སྤུས་ཀ་དག་ཏུ་གཏོང་བའི་ལས་སྟེགས་བཟང་པོ་ཞིག་བསྐྲུན་ཡོད། ཕྱིས་སུ་ཕྱོགས་གཉིས་པོས་ད་དུང་ཁྱབ་ཁོངས་མང་པོའི་སྒྱུ་རྩལ་མཉམ་ལས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བརྗོད།

    འགྲེམས་སྟོན་རིང་། ས་གནས་གཉིས་པོའི་སྒྱུ་རྩལ་མཁས་ཅན་དང་སྒྱུ་རྩལ་དཔྱད་བརྗོད་པས་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྣུམ་ཚོན་རི་མོ་འབྲི་བ་དང་། གསར་རྩོམ་གྱི་མཚོན་སྟངས་གསར་གཏོད། ཁྱད་ཆོས་དང་སྨྱུག་རྩལ་དཔྱད་གཞིར་འཛིན་པ་སོགས་ཀྱི་བརྗོད་གཞིར་དམིགས་ནས་སྤེལ་རེས་དང་ཞིབ་འཇུག་གྲོས་བསྡུར་བྱས་ཏེ་སྣུམ་ཚོན་རི་མོའི་སྒྱུ་རྩལ་འཕེལ་རྒྱས་གཏོང་ཕྱོགས་གསར་པ་མཉམ་དུ་འཚོལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།