དབུ་ཤོག>བོད་ཀྱི་རིག་གནས།>རིག་གནས་པར་མཛོད།
  • སྡེ་ཁུལ་དུ་ལྷ་མོ་འཁྲབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-09

    འདི་ནི་ལྷ་མོའི་འཁྲབ་སྟོན་པས་འཁྲབ་ཆས་བརྗེ་བཞིན་པ།

    འདི་ནི་གྲོང་མིས་མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་ཁུལ་ནས་འགྲེམས་རྫས་ཉོ་བཞིན་པ།

    ཉེ་ཆར། ལྷ་སའི་ལྷ་མོའི་འཁྲབ་སྟོན་དུས་ཚིགས་སྐབས་བརྒྱད་པ་བདེ་བླག་ངང་མཇུག་འགྲིལ་ཞིང་། སྐབས་འདིའི་འཁྲབ་སྟོན་དུས་ཚིགས་ནི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དམངས་ཕན་བྱེད་སྒོ་གཙོ་བོ་ཞིག་ཡིན་པའི་ངོས་ནས་གྲོང་ཁྱེར་གྱི་སྡེ་ཁུལ་དུ་ལྷ་མོ་ཐོག་མར་འཁྲབ་པ་དང་། སྡེ་ཁུལ་དང་། ཚོང་སྐོར། སྤྱི་གླིང་བཅས་ས་ཚིགས་མང་པོར་རིན་མེད་སྐོར་སྐྱོད་འཁྲབ་སྟོན་བྱེད་པའི་རྣམ་པ་གསར་དུ་སྤྱད་དེ། དམངས་ཁྲོད་ལྷ་མོ་ཚོགས་པ་མང་པོས་རེས་མོས་ཐོག་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་འཁྲབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།