བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ཡིག་རིས་པར་ལེན་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེམས་སྟོན་གཉེར་བ།
ཉེ་ཆར། བོད་ལྗོངས་ནང་བསྟན་སློབ་གླིང་གིས་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ཡིག་རིས་པར་ལེན་སྒྱུ་རྩལ་བརྩམས་ཆོས་ཀྱི་འགྲེམས་སྟོན་གཉེར་ཞིང་། དེའི་དམིགས་ཡུལ་ནི“མོས་སེམས་ལྔ”ཟབ་ཏུ་སྔར་བས་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དེ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་ཞལ་འདེབས་ཀྱི་བརྩམས་ཆོས《ཐང་བོད་ཀྱི་བློ་གྲོས》ཞེས་པའི་ཞལ་ཁེབས་ཀྱང་ཕྱེ་བ་རེད།
ད་རེས་ཀྱི་འགྲེམས་སྟོན་ནང་། རང་སྐྱོང་ལྗོངས་ཀྱི་ཡིག་རིས་པར་ལེན་མཁས་ཅན་མང་པོ་དཔྱད་འདེམས་ནང་ཞུགས་ཡོད་པ་དང་། བརྩམས་ཆོས་ཁྱོན་300ལྷག་ཙམ་བསྡུ་རུབ་བྱས་པ་དེ་དག་ཡིག་གཟུགས་དང་། རི་མོ། པར་ལེན་སོགས་རིགས་མང་པོ་དང་འབྲེལ་བ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་ཐང་གའི་རྒྱུན་འཛིན་པ། བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྨན་གྲོང་ནོར་བུ་སྲི་ཐར་གྱིས་ད་རེས་ཀྱི་འགྲེམས་སྟོན་ལ་ཐང་གའི་འདྲ་བཟོ《ཐང་བོད་ཀྱི་བློ་གྲོས》ཞེས་པ་ཞལ་འདེབས་བརྒྱབ་པ་རེད།
འབྲེལ་ཡོད་གསར་འགྱུར།