དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • འཇོལ་མོའི་གསུང་སྐད་སྙན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  གཡུ་ཆུང་།   |     སྤེལ་དུས།  2026-07-05

    ལྕང་གླིང་གྲུ་བཞིའི་ནང་དུ། །

    འཇོལ་མོའི་གསུང་སྐད་སྙན་པ། །

    དྲུག་འགྱུར་དབྱངས་ཀྱི་རོལ་མོ། །

    འཇོལ་མོའི་ངག་ན་ཡོད་རེད། །


    ཀྱུར་ཀྱུར་གསུང་སྙན་སྒྲོག་དུས། །

    གནག་སྣུམ་ཚང་ཚིང་སྐྱིད་པ། །

    གཡུ་ལོའི་འདབ་བརྒྱ་གྲོལ་དུས། །

    འཇོལ་མོ་གནས་བཟོད་བདེ་བ། །


    ཟམ་ཟིམ་ཆར་པའི་ཟེགས་མ། །

    མུ་ཏིག་དོ་ཤལ་འདྲ་བ། །

    ནགས་མའི་ཀླུང་ལ་འཐོར་དུས། །

    ནེམ་ཤ་ལྷག་པར་དོད་སོང་། །


    ཟིལ་པའི་ཟེགས་མ་ཕྲ་མོ། །

    ལས་ཀྱི་དངོས་གྲུབ་ཡིན་སོང་། །

    བྱེའུ་ཆུང་འཇོལ་མོའི་ངག་གི །

    རེ་བའི་བདུད་རྩི་ཡིན་སོང་། །


    སྐྱིད་ཀྱང་སྐྱོ་ཤས་ལོས་ཡོད། །

    སང་གནངས་ག་འགྱུར་ཆ་མེད། །

    སྡུག་ཀྱང་སྡུག་མདོག་མི་དགོས། །

    སྐྱོ་བ་བསངས་དུས་ཡོད་རེད། །


    ཆོག་ཤེས་སེམས་ལ་ཡོད་ན། །

    འཁང་ར་གཞན་ལ་མི་དགོས། །

    འཇོལ་མོའི་གསུང་སྐད་ཐོས་དུས། །

    རང་སེམས་ལྷོད་ལ་བབས་ཡོང་། །

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།