བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་མི་སྟོང་གི་སྒོར་གཞས་འཁྲབ་པའི་བྱེད་སྒོ་སྤེལ་བ།

འདི་ནི་ཟླ་6ཚེས་25ཉིན་འཁྲབ་སྟོན་པས་སྒོར་གཞས་འཁྲབ་པའི་བྱེད་སྒོ་སྤེལ་ཡུལ་དུ་ནག་ཆུའི་སྒོར་གཞས་འཁྲབ་བཞིན་པ།(མི་མེད་གནམ་གྲུས་པར་བླངས)

འདི་ནི་ཟླ་6ཚེས་25ཉིན་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་འཐུས་མི་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་ཟླ་6ཚེས་25ཉིན་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་འཐུས་མི་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ།
ཟླ་6ཚེས་25ཉིན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་གེ་སར་རྟ་རྒྱུག་ཐང་དུ་སྒོར་གཞས་གཟབ་རྒྱས་ཤིག་འཁྲབ་ཅིང་། བྱེད་སྒོ་དེ་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་འཐུས་མི་ཚོགས་པའི་འགྲེམས་འཁྲབ་དང་ཞབས་བྲོ་བ་1105ཡིས་ནག་ཆུའི་སྒོར་གཞས་མཉམ་དུ་འཁྲབ་པའི་ལྷུ་ཚིགས་གཉིས་སུ་ཕྱེ་ཡོད་པ་དང་། དེའི་ནང་ཞུགས་མཁན་གྱི་གྲས་སུ་ཆེད་ལས་སྒྱུ་རྩལ་ཚོགས་པའི་ཁོངས་མི་དང་། དམངས་ཁྲོད་སྒོར་གཞས་རུ་ཁག་གི་རུ་མི། སྒོར་གཞས་ལ་དགའ་པོ་བྱེད་མཁན་སོགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།