དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ༄༅ ང་ཡིས་གབ་ཚིག་བཤད་། ཁྱེད་ཀྱིས་གབ་ལན་ཤོད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-06-21

    ༡. ཡ་མཚན་ཆེ་བའི་རྨོན་མཛོ་ཞིག ། གཟན་ཆག་མི་ཟ་གང་སར་རྒྱུག །ཐག་པ་གཉའ་ཤིང་འདོགས་མི་དགོས། །ལས་ཀ་བྱེད་སྐབས་ལྡིར་ལྡིར་སྒྲོག །

    ༢. ཆུ་ཡིས་མཐོང་ན་གཉེར་མ་འདུ། ། ལྗོན་པས་མཐོང་ན་མགོ་བོ་དཀྲུག །པད་མས་མཐོང་ན་མགོ་བོ་སྒུར། །སྤྲིན་པས་མཐོང་ན་གཡོལ་ནས་འགྲོ།

    ༣. གཅུང་པོ་རིང་ཞིང་གཅེན་པོ་ཐུང་། ། ཚང་མས་ཉིན་ལྟར་སྐྱོད་པར་ལྟ། །གཅུང་པོས་སྐོར་བ་བཅུ་གཉིས་བརྒྱབ། །གཅེན་པོ་གཞི་ནས་སྐོར་བ་གཅིག །

    ༤. གདོང་པ་སྒོར་མོ་ཀུ་ཤུ་འདྲ། །མངར་སྐྱུར་ལྡན་ཞིང་འཚོ་བཅུད་ཆེ། །དེ་ནི་བརྔོས་ཏེ་བཟས་ན་འགྲིག །ཤིང་འབྲས་བྱས་ཏེ་བཟས་ཀྱང་ཆོག །

    ༥. མཚམས་རེ་རི་རྩེའི་མཚམས་སུ་འཆར། །མཚམས་རེ་ལྗོན་ཤིང་རྩེ་ལ་འཆར། ། མཚམས་རེ་སྒོར་མོ་སྡེར་མ་འདྲ། །མཚམས་རེ་ཟོར་བའི་དབྱིབས་དང་མཚུངས། །

    ༦. དྲི་འཛིན་སྦོམ་ལ་རིང་བ། །མཆེ་བ་སྲ་ཞིང་རྣོ་བ། །རྣ་ཅོག་རླུང་གཡབ་འདྲ་བ། །གཟུགས་པོ་གྱང་གོག་འདྲ་བ། །

    ༧. བློ་རིག་བཀྲ་མོ་ཆུང་ཆུང་ཞིག །གཅིག་པུར་བཀོད་འདོམས་པུའུ་རུ་སྡོད། །འགག་སྒོ་ཕྱོགས་བཞིར་ཕྱེ་ནས་ནི། །འཕུར་ནས་ཡོང་བའི་དཔོན་དམག་བཟུང་། །

    (གབ་ལན་འདོན་ཐེངས་རྗེས་མར་གཟིགས)

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།